ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པས་ཚན་ཆུང་བགོས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།

སྤེལ་དུས། 2017-10-21 09:09:09   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པས་བསྟུད་མར་ཉིན་འགའི་རིང་ལ་ཚན་ཆུང་བགོས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས།

འཐུས་མི་རྣམས་ཀྱིས་བཤད་རྒྱུར། ལོ་ལྔའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་ཆེས་གལ་ཆེ་ཞིང་ཆེས་གཞི་རྩ་ཡིན་པའི་གྲུབ་འབྲས་ནི་ཏང་གི་སྲོག་ཤིང་གཏན་འཁེལ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཆགས་པ་དང་། འབྱོར་ལྡན་རྒྱལ་ཁབ་ནས་སྟོབས་ལྡན་རྒྱལ་ཁབ་ཏུ་སྐྱོད་པའི་བགྲོད་ལམ་འཚོལ་ཞིབ་བྱས་པ་དེ་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ཁ་ཕྱོགས་ལྟར། བློ་ཐག་རྦད་ཆོད་སྒོས་དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་བསམ་བློ་ལག་བསྟར་བྱེད་པ་དང་ལྷག་བསམ་རྣམ་དག་སྒོས་བླ་མེད་འགན་འཁྲི་ལག་བསྟར་བྱེད་དགོས་ཟེར།

འཐུས་མི་རྣམས་ཀྱིས་བཤད་རྒྱུར། སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་གོ་གནས་བཏོན་པར་མ་ཟད་གཏན་འཁེལ་བྱས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། སྙན་ཞུ་ལས་ཏང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་འཛམ་གླིང་དུ་སྟོབས་ཤུགས་ཆེ་བའི་དམག་དཔུང་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འགུལ་སྐྱོད་ཀྱི་འབོད་སྐུལ་བཏང་ཡོད་པས། ང་ཚོས་ངེས་པར་དུ་དམིགས་འབེན་དེ་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

འཐུས་མི་རྣམས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ལྷག་བསམ་རྣམ་དག་སྒོས་གོང་བཀུར་བྱེད་པའི་ཏང་གི་གཙོ་འཛིན་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་ཞུགས་པས། ང་ཚོས་ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པར་སྲུང་སྐྱོབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས་ལ། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་བསམ་བློ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།