ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

བཅིངས་འགྲོལ་དམག་གི་འཐུས་མི་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་མིས་ཚན་ཆུང་བགོས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།

སྤེལ་དུས། 2017-10-22 09:21:37   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་བཅིངས་འགྲོལ་དམག་གི་འཐུས་མིས་བསྟུད་མར་ཉིན་འགའི་རིང་ལ་ཚན་ཆུང་བགོས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་གྲོས་སྡུར་བྱས། འཐུས་མི་རྣམས་ཀྱིས་བལྟས་ན། སྙན་ཞུ་ལས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ལ་ལངས་ཕྱོགས་བརྟན་པོ་བཙུགས་ཤིང་མདུན་སྐྱོད་ཀྱི་ཐབས་ལམ་གསལ་པོར་བསྟན་པ་དང་སྟོབས་ལྡན་འགོ་ཁྲིད་འདོན་སྤྲོད་བྱས་པར་སྙམ།

འཐུས་མི་རྣམས་ཀྱིས་བཤད་རྒྱུར། ཏང་གི་བཀོད་འདོམས་ལ་ཉན་ཞིང་དམག་འཁྲུག་ལས་རྒྱལ་ཁ་ལེན་ཕོད་པ་དང་། སྤྱོད་ཚུལ་བཟང་བའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་རྒྱབ་རྟེན་མངོན་འགྱུར་བྱེད་རྒྱུ་དེ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དེ་དམག་དཔུང་གི་འཛུགས་སྐྲུན་སྣ་ཚོགས་ཀྱི་གོ་གནས་དང་པོར་བཞག་སྟེ་དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་བྱ་བ་དམ་འཛིན་བྱེད་དགོས་ཟེར།

དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་མིས་གྲོས་སྡུར་བྱེད་སྐབས་སྙན་ཞུ་ལས་དྲག་ཆས་ཉེན་རྟོག་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དམག་དཔུང་འཛུགས་སྐྲུན་བྱེད་པའི་རེ་བ་བཏོན་པ་དེས་སྤོབས་པ་སྔར་ལས་ཆེ་རུ་བསྐྱེད་སོང་ཟེར། འཐུས་མི་རྣམས་ཀྱིས་བཤད་རྒྱུར། རྦད་ཆོད་སྒོས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་དང་རྦད་ཆོད་སྒོས་ཏང་གི་བཀོད་འདོམས་ལ་ཉན་ཏེ། ཏན་ཏིག་སྒོས་བརྟན་འཇགས་སྲུང་སྐྱོབ་དོན་ཆེན་བཟང་བོར་སྒྲུབ་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པའི་བྱ་སྤྱོད་དངོས་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་སློབ་སྦྱོང་དང་དེ་ལག་བསྟར་བཟང་བོ་བྱེད་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།