ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཁབ་དང་སྲིད་ཏང་ཁ་ཤས་ཀྱི་མགོ་ཁྲིད་པས་གློག་འཕྲིན་བཏང་སྟེ་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

སྤེལ་དུས། 2017-10-26 10:40:02   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཏུང་ཞོ་ཡན།

ཉེ་ལམ། རྒྱལ་ཁབ་དང་སྲིད་ཏང་ཁ་ཤས་ཀྱི་མགོ་ཁྲིད་པས་གློག་འཕྲིན་དང་ཡང་ན་འཕྲིན་ཡིག་བཏང་སྟེ་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཐེངས་འདིར་ཁྱེད་རང་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པའི་སྐབས་འདིར། ངས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པར་མ་ཟད། ང་རང་གི་མིང་ཐོག་ནས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་བར་སེམས་གཏིང་ནས་རྟེན་འབྲེལ་ཞུ། ཁྱེད་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ངེས་པར་དུ་ཚོགས་ཆེན་སྟེང་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་གིས་རྟེན་འབྲེལ་ཞུས་པའི་འཕྲིན་ཡིག་ནང་བཤད་རྒྱུར། ཁྱེད་རང་སྐབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པའི་སྐབས་འདིར། ངས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པར་མ་ཟད་ང་རང་གི་མིང་ཐོག་ནས་ཁྱེད་དང་ཁྱེད་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བློ་མཐུན་དང་སྤུན་ཟླ་ལྟ་བུའི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན་ཟེར།

ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐི་ལོ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ངས་ཁུ་པ་གུང་ཁྲན་ཏང་གི་ཚབ་བྱས་ཏེ་ཁྱེད་རང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། གོ་སྐབས་འདི་དང་བསྟུན་ནས་ངས་ཁྱེད་ཀྱིས་གོ་གནས་གལ་ཆེན་དེའི་སྟེང་གྲུབ་འབྲས་གསར་བ་ལེན་པར་སྨོན་འདུན་ཞུས། ང་ཚོས་ཁུ་པ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ཏང་གཉིས་དང་སྲིད་གཞུང་གཉིས་བཅས་བར་གྱི་སྤུན་ཟླ་ལྟ་བུའི་འབྲེལ་བར་སྔར་ལས་གཙིགས་འཛིན་བྱེད་འདོད་ཡོད་ཟེར།

ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བ་དང་། ཁྱེད་རང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཀྲུའུ་ཅིར་བདམས་པ་དང་། ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་པར་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་ཡིན་ཟེར། གློག་འཕྲིན་ནང་བཤད་རྒྱུར། ཁྲའོ་ཞན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་སྲིད་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཁམ་པོ་རྫ་མི་དམངས་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཧུང་སིན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཁྱེད་རང་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་ལས་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ཚང་མ་དང་ཀྲུང་གོ་མི་དམངས་ཡོངས་ཀྱིས་ཁྱེད་ཀྱི་མགོ་ཁྲིད་ནུས་པར་ཡིད་ཆེས་བརྟན་པོ་བཟུང་བ་མཚོན་ཡོད་ཟེར།

དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལོས་ལ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུད། ཁྱེད་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག ཀྲུང་གོས་འཕེལ་རྒྱས་ཀྱི་དམིགས་འབེན་རབ་དང་རིམ་པ་གཏན་འཁེལ་བྱས། ཁྱེད་དང་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་ཟེར།

གཞན་མ་ཆི་ཏུང་གི་ཙུང་ཐུང་དབྱི་བན་ནོ་ཧྥུའུ་དང་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཝ་སི། ཨེ་ཙི་ཨོ་ཕི་ཡ་མི་དམངས་གསར་བརྗེ་དམངས་གཙོ་འཐབ་ཕྱོགས་ཀྱི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་ཧའེ་ཨར་མ་ལི་ཡ་མུའུ། དབྱི་ཐ་ལིའི་ཙུང་ལི་ཀྲིན་ཏིས་ལོ་ཉི། ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་ཏེ་ཨེར། འཇར་པན་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ། དབུ་བཞུགས་བློན་ཆེན་ཨན་ཕེས་ཅིན་སན་སོགས་ཀྱིས་ཀྱང་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།