མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པར་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས།
2018.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་པུའུ་ཡི་ལས་དོན་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། སློབ་སྦྱོང་དྲིལ་སྒྲོག་མཐར་ཕྱིན་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་བླང་བྱ་བཏོན།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བརྗོད་དོན་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། གྲུབ་འབྲས་ལྗིད་ཏིག་ཏིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་སྡེ་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་ནི་མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་ཆབ་སྲིད་འོས་འགན་ཐོག་མ་ཡིན་པ་དང་། ཆབ་སྲིད་ཀྱི་འོས་འགན་གཙོ་བོ་ཕྲག་སྟེང་དུ་བླངས་ནས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་དྲག་ཏུ་གཏོང་བ་དེ་བདེན་སྒྲུབ་གསར་གཏོད་དང་ཁག་ཁུར་གྱི་ལག་ལེན་སྟེང་ནས་མངོན་དུ་འཇུག་དགོས་ཤིང་། སྔར་ལས་རང་རྟོགས་ལྡན་པའི་སྒོ་ནས་སྲོག་ཤིང་དཀྱིལ་སྙིང་དུ་འཛིན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་འབད་དེ། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་བསམ་བློའི་གླེང་ཕྱོགས་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་པར། རིམ་པ་སོ་སོའི་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་དཔེ་སྟོན་སྣེ་འདོམས་ཀྱི་ནུས་པ་འདོན་ཐུབ་དགོས་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་ལ་བརྩོན་པར་སྐུལ་ལྕག་བཏང་ནས། སློབ་སྦྱོང་བྱས་ཏེ་མཐིལ་རྟོགས་པའི་སྟེང་དུས་ཚོད་གཏོང་དགོས་པ་དང་བྱ་བ་ཡར་ལྡན་དུ་སྤེལ་ཐུབ་པའི་སྟེང་ནས་ཕན་འབྲས་མངོན་ཐུབ་དགོས། དྲིལ་སྒྲོག་ཀློག་འགྲེལ་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཆེད་དོན་དྲིལ་སྒྲོག་རིགས་མང་པོ་དང་གཏིང་ཟབ་པའི་སྒོ་ནས་སྤེལ་བ། དྲིལ་སྒྲོག་རབས་དང་རིམ་པར་སྤེལ་བ་བཅས་བྱས་ཏེ། དུས་ལྟར་ས་གནས་དང་སྡེ་ཁག་གི་ལག་ལེན་ཐབས་ཇུས་དང་ཕན་འབྲས་བསྒྲག་དགོས། གཞི་རིམ་གྱི་དཔེ་མཚོན་དོན་རྐྱེན་ཚུར་སྣང་དང་སློབ་སྦྱོང་དྲིལ་སྒྲོག་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ། དོན་དངོས་དང་སེམས་ཀྱི་གཏིང་ཟབ་སར་སྤེལ་དགོས། གཞི་རིམ་ལ་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་མང་ཚོགས་ལ་ཁ་ཕྱོགས་དགོས་པ་དང་། དྲིལ་སྒྲོག་དང་སྒྲོག་འགྲེལ་བྱ་འགུལ་རབས་དང་རིམ་པ་སྤེལ་བར་རྩ་འཛུགས་ཞིབ་མོ་བྱས་ཏེ། གཞུང་ལུགས་གླེང་ཕྱོགས་བཟོས་ཏེ། དྲ་རྒྱ་དང་འཚོ་བའི་ཁྲོད་ནས་དྲིལ་སྒྲོག་གི་གཅིག་གྱུར་ཕུང་བོ་ཞིག་གྲུབ་པར་བྱས་མཐར། སློབ་སྦྱོང་མཐར་ཕྱིན་གྱི་སྟེང་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།