ལིས་ཀྲན་ཧྲུའུ་ཡིས་ན་སྨི་པི་ཡའི་ཙུང་ཐུང་ཀི་ཀུན་པུའུ་ལ་མཇལ་འཕྲད་གནང་།
2018.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

栗战书会见纳米比亚总统根哥布.jpg
ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡའི་ཙུང་ཐུང་ཀི་ཀུན་པུའུ་ལ་མཇལ་འཕྲད་གནང་།

 

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡའི་ཙུང་ཐུང་ཀི་ཀུན་པུའུ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ན་སྨི་པི་ཡའི་བར་མཛའ་བཤེས་ཡུན་རིང་ལྡན། ཉེ་བའི་ལོ་འགའི་རིང་ལ། སྲོལ་རྒྱུན་མཛའ་བཤེས་ཉིན་རེ་བཞིན་ཇེ་བརྟན་དུ་གཏོང་བ་དང་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་ཟ་བ་བླངས། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོལ་མོལ་མཛད་དེ། ཀྲུང་གོ་དང་ན་སྨི་པི་ཡ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་བཏང་བར་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་ཇུས་གཞི་བཀོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ན་སྨི་པི་ཡའི་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གླེང་སྟེགས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་ཁྲིད་སྟོན་དུ་འཛིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཉིས་ཕན་མཉམ་ལས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་དངུལ་གཏོང་མཁན་ལ་སྔར་ལས་བཟང་བའི་དངུལ་གཏོང་ཁོར་ཡུག་དང་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཀྲུང་གོ་དང་ན་སྨི་པི་ཡ་གཉིས་ཀྱི་མཛའ་མཐུན་དམངས་འདུན་དང་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀི་ཀུན་པུའུ་ཡིས་ཀྲུང་གོའི་ཨ་ཧྥེ་རི་ཁ་་ཕྱོགས་ཀྱི་སྲིད་ཇུས་ལ་བསྟོད་བསྔགས་ཆེན་པོ་བྱས་པར་མ་ཟད། འགོ་ཚུགས་ས་གསར་བ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཉིན་དེར། ན་སྨི་པི་ཡའི་ཙུང་ཐུང་ཀི་ཀུན་པུའུ་ཡིས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།