ལིས་ཁི་ཆང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀི་ཀིན་པུའུ་ལ་མཇལ་འཕྲད་གནང་།
2018.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

 李克强会见纳米比亚总统根哥布.jpg
ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ན་སྨི་པི་ཡའི་ཙུང་ཐུང་ཀི་ཀུན་པུའུ་ལ་མཇལ་འཕྲད་གནང།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡའི་ཙུང་ཐུང་ཀི་ཀུན་པུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ན་སྨི་པི་ཡ་ནི་ཨ་ཧྥེ་རི་ཁ་ན་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་སུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡའི་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྔར་ལས་བཟང་བའི་མ་འོངས་པ་གསར་གཏོད་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ན་སྨི་པི་ཡ་བར་གྱི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། མདུན་ལྗོངས་རྒྱ་ཆེན་པོ་ལྡན། ང་ཚོས་ན་སྨི་པི་ཡའི་བར་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ་དང་། ཁྱབ་ཁོངས་གཙོ་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། དཔལ་འབྱོར་འཛམ་གླིང་ཅན་དང་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བར་མཉམ་དུ་རྒྱབ་སྐྱོར་བྱེད་པ་དང་། ལངས་ཕྱོགས་གསལ་བོའི་སྒོ་ནས་རང་དབང་ཉོ་ཚོང་སྲུང་སྐྱོབ་རང་ལུགས་ལ་ངོ་རྒོལ་བྱས་ཏེ། མཉམ་དུ་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་སྔར་ལས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཀི་ཀུན་པུའུ་ཡིས་བཤད་རྒྱུར། ན་སྨི་པི་ཡ་དང་ཀྲུང་གོའི་བར་སྲོལ་རྒྱུན་མཛའ་བཤེས་ཡུན་རིང་ལྡན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་སུ་བཏང་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཧི་ལིས་ཧྥིན་མཇལ་འཕྲད་ལ་ཞུགས།