མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་གྲངས་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས་ནས2018ལོའི་བྱ་བ་གཙོ་བོར་ཞིབ་འཇུག་དང་གྲོས་སྡུར་བྱས།
2018.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་གྲངས་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས་ནས། 2018ལོའི་བྱ་བ་གཙོ་བོར་ཞིབ་འཇུག་དང་གྲོས་སྡུར་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་མི་གྲངས་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི2018ལོའི་བྱ་བ་གཙོ་བོ་གཏན་ཁེལ་བྱས་པ་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དམངས་ཚིས་བཟོ་སྐྲུན་བརྗོད་སྙིང་དུ་བྱེད་པའི་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུ་རྒྱུའི་འགན་ཁུར་བ་དང་། གཞོགས་འདེགས་བྱས་ནས་གྲོང་ཁྱེར་གྱི་བཟོ་སྐྲུན་འཛུགས་སྐྲུན་དང་གཞུང་ལམ་འཛུགས་སྐྲུན་ཐད་ཀྱི་ས་རྡུལ་ཚོད་འཛིན་བརྗོད་སྙིང་དུ་བྱེད་པའི་ཀྲུའུ་ཞི་ལྟ་ཞིབ་ཚོགས་པའི་ལྟ་ཞིབ་ལ་རྩ་འཛུགས་བྱེད་པ། མཚོ་ལྷོ་ཁུལ་གྱི་ཐང་གསུམ་བྱེ་འགྱུར་བཅོས་སྐྱོང་དང་རི་སྐྱེས་རི་དྭགས་སྲུང་སྐྱོབ་དང་འདུལ་གསོ་སོགས་ཞིབ་འཇུག་བྱ་གཞི་ལ་དམིགས་ནས་རྟོག་ཞིབ་དང་ལྟ་ཞིབ་སྤེལ་བ་སོགས་རེད།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གིས་ནམ་ཡང་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་བྱ་བ་སྣ་ཚོགས་ཁྲོད་ལག་བསྟར་བྱས་ཏེ། ཆབ་སྲིད་སྟེང་གི་མི་བསམ་ཤེས་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པའི་ཐད་ཀྱི་སྣེ་ཁྲིད་པ་བྱེད་དགོས། ཨུ་ཡོན་ལྷན་ཁང་གིས་བྱ་བའི་གཙོ་གནད་ དང་ཁྱད་ཆོས་འབུར་ཐོན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་གྲངས་ཐོན་ཁུངས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། མདུན་བལྟའི་རང་བཞིན་ལྡན་པའི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་བདམས་ནས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ལྟ་བ་ཡང་དག་བཏོན་སྟེ། གྲོས་མོལ་གྱི་རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་བྱེད་དགོས། ཚན་ཁག་གི་ཁོངས་མིས་རང་སྟེང་གི་བློ་སྦྱོང་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་གདེང་ཚོད་ནུས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ། རྟོག་ཞིབ་གསར་གཏོད་ཀྱི་ནུས་པ། བློ་འདོན་ཇུས་འབུལ་གྱི་ནུས་པ། དམངས་གཙོ་ལྟ་སྐུལ་གྱི་ནུས་པ། མང་ཚོགས་ལ་འབྲེལ་འདྲིས་དང་རང་གཅུན་ནན་མོ་བྱེད་པའི་ནུས་པ་བཅས་མཐོར་འདེགས་བྱེད་པ། སྤྱོད་ཚུལ་བསྒྱུར་བ་དང་དྭངས་གཙང་རང་གཅུན་བྱེད་པ། འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། མང་ཚོགས་ཀྱི་འདོད་བློ་མཚོན་པར་བྱེད་པ། མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་དགོས་ཟེར།