ཝང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།
2018.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

汪洋.jpg
ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།
 

དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་དམངས་གཙོ་ལྟ་སྐུལ་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་བསྡོམས་ནན་མོ་བྱེད་པ། ཏང་མང་མཉམ་ལས་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། དམངས་གཙོ་ལྟ་སྐུལ་བྱ་བའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་སྟོབས་ཤུགས་འབུལ་དགོས་ཟེར།

ཝང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོ་ལྟ་སྐུལ་བྱ་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་རེ་བ་གསར་བ་ལྟར། ལྟ་སྐུལ་གྱི་གནད་སར་དམིགས་པ་དང་ལྟ་སྐུལ་གྱི་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱེད་པ། ལྟ་སྐུལ་གྱི་བྱེད་ཐབས་གསར་གཏོད་བཅས་བྱས་ནས། དབུལ་ནག་ས་ཁུལ་དང་དམིགས་བསལ་གྱི་དབུལ་ཕོངས་མི་གྲངས་ཀྱི་དབུལ་ཐར་བྱ་བར་དམ་པོར་དམིགས་ཏེ། ད་ལྟའི་དབུལ་སྐྱོར་དམིགས་ཚད་ལག་བསྟར་ནན་མོ་བྱེད་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་གནད་དོན་ཐད་ནས་དམངས་གཙོ་ལྟ་སྐུལ་བྱས་ཏེ། དབུལ་ཕོངས་མང་ཚོགས་དངོས་སུ་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

ཝང་དབྱང་གིས་ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་གཙོ་ཏང་ཁག་གི་བྱ་བར་ཧུར་ཐག་སྒོས་ཆ་རྐྱེན་བསྐྲུན་པ་དང་། ལྟ་སྐུལ་བྱ་བའི་ཁྲོད་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་ནན་མོ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་འབྲེལ་ཡོད་ཞིང་ལྗོངས་དང་སྡེ་ཁག་གི་དམངས་གཙོ་ཏང་ཁག་སོ་སོས་ལྟ་སྐུལ་བྱེད་པའི་ཁྲོད་རྩད་ཆོད་པའི་གནད་དོན་དག་ཐེར་ཡོ་བསྲང་བྱ་བ་བཟང་བོར་སྒྲུབ་པར་ལྟ་སྐུལ་བྱེད་དགོས་པའི་རེ་བ་བཏོན།

ཝན་ཨི་ཞང་དང་ཁྲིན་ཀྲུའུ། ཏིན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏ་ཧྥུན། ཝུའུ་ཝེ་ཧྭ། ཝན་ཀང་། སུའུ་ཧོས་དང་། ད་རུང་འབྲེལ་ཡོད་ཞིང་ལྗོངས་ཀྱི་འཐུས་མི་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོ་ལྟ་སྐུལ་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་བསམ་འཆར་དང་གྲོས་གཞི་བཏོན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།