མཚོ་སྔོན་ཞིང་ཆེན་གྱི་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་འཛིན་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས།
2018.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

མཚོ་སྔོན་ཞིང་ཆེན་གྱི་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་འཛིན་གྲོས་ཚོགས་ཐེངས་གསུམ་པ་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁོང་ཡུང་གིས་བྱ་བའི་སྙན་ཞུ་ཕུལ།

ཚོགས་ཐོག་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2017ལོའི་བྱ་བར་སྤྱི་སྡོམ་དང2018ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཏང་ཕྱིའི་ཤེས་ལྡན་མི་སྣས་རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག རང་སྟེང་གི་འཕེལ་རྒྱས་དགེ་མཚན་དང་ཕྲག་ཏུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལ་རྒྱུས་ལོན་གཏིང་ཟབ་དང་ངོས་འཛིན་གསལ་བོ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལག་བསྟར་བྱེད་མཁན་དང་། ཁ་བྲལ་ཐབས་མེད་པ་གསུམ་གྱི་དགོངས་པ་བརྒྱུད་སྒྲོག་བྱེད་མཁན། ཁས་ལེན་ལྔ་ཇེ་དྲག་ཏུ་གཏོང་བའི་སྣེ་ཁྲིད་པ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་སྲིད་ཞུགས་སྲིད་གླེང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་དང་གླེང་ཕྱོགས་སྣེ་ཁྲིད་སོགས་ཕྱོགས་ནས་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་། ནུས་ཚད་གསར་བ་དང་ནུས་པ་གསར་བ་འདོན་སྤེལ་བྱེད་པ། གྲུབ་འབྲས་གསར་བ་ངོམ་པ་བཅས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་རིག་སྟོབས་དང་འཇོན་ཐང་འདོན་སྤེལ་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་ཕྱིའི་ཤེས་ལྡན་མི་སྣའི་བྱ་བ་ཉིན་རིམ་གལ་ཆེན་ཁྲོད་བཞག་སྟེ གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། ཞིབ་བཤེར་ལ་སྐུལ་འདེད་གཏོང་བ། རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱིས་སྣེ་ཁྲིད་དང་མཛའ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་ཕྱོགས་ནས། ཏང་ཕྱིའི་ཤེས་ལྡན་མི་སྣའི་བྱ་བའི་ཐད་ཀྱི་ཁོར་ཡུག་གསར་བ་དང་རྣམ་པ་གསར་བ་བསྐྲུན་ནས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཕྱིའི་ཤེས་ལྡན་མི་སྣའི་བྱ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། ཏང་ཕྱིའི་ཤེས་ལྡན་མི་སྣའི་འཐུས་ཚབ་ལྔ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་སློབ་སྦྱོང་བྱས་པའི་ཐད་ཀྱི་མྱོང་ཚོར་གླེང་།