ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཧྲང་ཧེ་ནས་བསྡུས།
2018.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཧྲང་ཧེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་དུས་རབས་གསར་བ་དང་དམིགས་འབེན་གསར་བ། བགྲོད་ལམ་གསར་བ་ཞེས་པ་དེ་ཡིན། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་ཁུངས་། མཐོ་རིམ་སློབ་གྲྭ ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ལྟེ་གནས། ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཚོགས་ཚན་རིག་རིགས་གཞུང་ལས་རིགས་ཀྱི་ཆེད་མཁས་པ་དང་རིག་གནས་པ་སོགས་དང་། ད་རུང་ས་གནས་ཀྱི་འགན་ཁུར་བློ་མཐུན་བསྡོམས་པས་མི་བརྒྱ་དང་ཉི་ཤུ་ལྷག་བགྲོ་གླེང་ཚོགས་འདུར་ཞུགས། ཚོགས་འདུར་ཞུགས་པའི་ཆེད་མཁས་པ་དང་རིག་གནས་པས་གཅིག་གྱུར་སྒོས་བལྟས་ན། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་དགོངས་པ་གལ་ཆེན་དང་བརྡར་ཤ་གཅོད་པ་གལ་ཆེན། འཐབ་ཇུས་གལ་ཆེན། ལས་འགན་གལ་ཆེན་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་དེའི་ཐད་ལ་བྱས་རྗེས་གསར་བ་སྐྲུན་པར་སྐུལ་འདེད་གཏོང་དགོས་པར་སྙམ།