ཝང་དབྱང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་པིས་ཅེ་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཁྲོད་ཞུགས་པའི་བཞུགས་མོལ་ཚོགས་འདུར་ཞུགས།
2018.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 95

འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་པིས་ཅེ་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཁྲོད་ཞུགས་པའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་དགུ་ཉིན་ཀོས་ཀྲིག་ཞིང་ཆེན་པིས་ཅེ་གྲོང་ཁྱེར་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་པིས་ཅེ་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཁྲོད་ཞུགས་པའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་དགུ་ཉིན་ཀོས་ཀྲིག་ཞིང་ཆེན་པིས་ཅེ་གྲོང་ཁྱེར་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཝང་དབྱང་གིས་ནན་གྱིས་བསྟན་དོན། ལོ་སུམ་ཅུའི་རིང་ལ། འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་པིས་ཅེ་ཚོད་ལྟའི་ཁུལ་བརྩེ་བ་ཟབ་མོ་ཕུལ་བ་དང་། གྲུབ་འབྲས་ཁྱད་དུ་འཕགས་པའི་རོགས་སྐྱོར་བྱ་བ་འབོར་ཆེན་བསྒྲུབས་ནས། ཚོད་ལྟའི་ཁུལ་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད་པ་དང་། ཏང་མང་མཉམ་ལས་ཀྱི་ལག་ལེན་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་མཚོན་ཡོད་ཟེར།

ཝང་དབྱང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པ་དང་། པིས་ཅེ་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ཡང་དུས་རིམ་གསར་པར་སླེབས་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། གནས་བབ་གསར་པར་བསྟུན་པ་དང་། དམིགས་འབེན་གསར་པ་འཛིན་པ། མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པ་བཅས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་འཇོན་མི་མང་བ་དང་བློ་སྟོབས་འདུ་བ། འབྲེལ་འདྲིས་ཆེ་བ་བཅས་ཀྱི་ཁྱད་སྟོབས་བཏོན་ནས། ཁྱད་ལྡན་དབུལ་ཐར་ཐོན་ལས་སྐྱེད་སྲིང་བྱེད་པར་རོགས་རམ་བྱེད་པ་དང་། དཀའ་ངལ་དང་གནད་དོན་གཙོ་བོ་ཐག་གཅོད་པར་མཐུན་སྦྱོར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོའི་ལྟ་སྐུལ་བཟང་པོར་སྤེལ་བ་བཅས་བྱས་ཏེ། ཚོད་ལྟའི་ཁུལ་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་དུས་ལྟར་རྒྱལ་བར་རམ་འདེགས་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་པར་མ་ཟད་ཚོགས་འདུར་འགོ་འཛིན་བྱས།