ལིག་ཉིང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ་སོང་ནས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་བདུན་པའི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཞིབ་བཤེར་བྱས།
2018.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ་སོང་ནས་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་བདུན་པའི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཞིབ་བཤེར་བྱས་པ་མ་ཟད། ཡུལ་དངོས་སུ་ལས་རེས་བྱེད་བཞིན་པའི་སྤྱི་བདེ་ཉེན་རྟོག་པ་དང་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས།

ལིག་ཉིང་གིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགོ་རྩོམ་མཛད་སྒོའི་ཡུལ་དངོས་དང་འགྲན་རིམ་སྐོར་ཞིག་གི་བདེ་འཇགས་སྲུང་སྐྱོབ་བྱ་བའི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཡུལ་དངོས་ནས་འགྲན་རིམ་སྐོར་ཞིག་གི་ལམ་ཐིག་ལ་བལྟས་པ་དང་། གྲོང་ཁྱེར་དང་ཆུའུ་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གིས་ཕུལ་བའི་འགོ་རྩོམ་མཛད་སྒོ་དང་འགྲན་རྒྱུག་སྐབས་ཀྱི་སྤྱི་ཚོགས་ཚོད་འཛིན་དང་འགྲིམ་འགྲུལ་ཚོད་འཛིན། བདེ་འཇགས་སྲུང་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་སོགས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་མ་ཟད། ཕྱོགས་སོ་སོའི་འགྲན་བསྡུར་སྔོན་གྱི་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས། ལིག་ཉིང་གིས་བསྟན་དོན། 2002ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་དྲུག་ལ་བསྡུས་པ་དང་། སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་གཞི་ཁྱོན་དང་ཤན་ཤུགས་ཆེ་ལ། བདེ་འཇགས་དོན་རྐྱེན་དང་གཏན་འཇགས་མིན་པའི་དོན་རྐྱེན་འབྱུང་བའི་ཉེན་ཁ་ཡང་སྔར་ལས་མང་ཟེར། ལིག་ཉིང་གིས་ནན་གྱིས་བསྟན་དོན། སྟོབས་ཤུགས་ཡོད་རྒུས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་བདེ་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ང་ཚོའི་ནུས་ཤུགས་དང་ཆུ་ཚད་ཐད་ཀྱི་ཉམས་ཚོད་ཞིག་ཀྱང་ཡིན་པས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཆབ་སྲིད་ཕྱོགས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་བ་གོ་གནས་གལ་ཆེན་དུ་འཇོག་པ་དང་འགྲན་རྒྱུག་གི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ། མི་སྣ་གཙོ་བོའི་དོ་དམ་དང་ཚོད་འཛིན་དང་སྤྱི་ཚོགས་ངོས་ཀྱི་ཚོད་འཛིན། འགྲིམ་འགྲུལ་བདེ་འཇགས་དོ་དམ་སོགས་བྱ་བར་ཤུགས་སྣོན་པ། རང་འགན་རང་གིས་ཁུར་བ་དང་མཐུན་སྦྱོར་མཉམ་འགུལ་བྱེད་པ། རང་འགུལ་སྒོས་གོ་གནས་ཁ་གསབ་དང་མཉམ་དུ་དོ་དམ་བྱེད་པ། གནས་པའི་སྐྱོན་ཆ་དང་ཞན་ཆ། འབྱུང་སྲིད་ཉེན་ཁ་ཚོད་འགོག་བྱེད་པ། བྱ་བ་སྣ་ཚོགས་ནན་མོ་དང་བཟང་བོར་བསྒྲུབ་ནས། བདེ་འཇགས་ཐད་ཀྱི་ཉེན་ཁ་འབྱུང་བར་བཀག་འགོག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་བདེ་འཇགས་དང་བདེ་བླག་ངང་བསྡུ་བར་འགན་སྲུང་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉུའོ་ཁྲིན་ཡུན་དང་། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན། ཞིང་ཆེན་ལུས་རྩལ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་ཞིབ་བཤེར་བྱས།