རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱས།
2018.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ་། ཀློག་གྲངས། 43

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུན་སི་ཅིང་གིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་མཚོ་བོད་མཐོ་སྒང་གི་ཞབས་ཞུའི་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱེད་པའི་ཆེད་དོན་རྟོག་ཞིབ་བྱ་བ་སྤེལ།

ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་བཏང་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དངུལ་རྩ་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

སྙན་ཞུར་ཉན་རྗེས། རྟོག་ཞིབ་ཚན་ཆུང་གིས་བལྟས་ན། དེང་རབས་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་གྱི་གནས་ཚུལ་འོག མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ས་ཁུལ་ཆ་རྐྱེན་གྱིས་མཚོ་སྔོན་དབུས་ཤར་ས་ཁུལ་དང་མི་མཐུན་པའི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས་པ་གཏན་ཁེལ་བྱས་ཡོད། ཞབས་ཞུའི་ལས་རིགས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད། ཞབས་ཞུའི་ལས་རིགས་ནི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལས་རྣམ་གསར་པ། ཐོན་ལས་གསར་པ་བཅས་ཡིན་པར་སྙམ། རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསལ་བོ་ཡིན་པ་དང་བྱེད་ཐབས་ནུས་ལྡན་ཡིན་ལ། ཐོན་ལས་སྒྲིག་གཞིར་གཉིས་གསུམ་གཅིག་ནས་གསུམ་གཉིས་གཅིག་གི་ལོ་རྒྱུས་རང་བཞིན་གྱི་ཚུལ་སྒྱུར་བྱས་ཡོད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་རེད་ཟེར།

ཏུའུ་ཅེ་ཡིས་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། རྟོག་ཞིབ་ཚན་ཆུང་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་མཚོ་སྔོན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཐད་རྩ་ཆེའི་བསམ་འཆར་དང་གྲོས་གཞི་བཏོན་པ་དེར་མཚོ་སྔོན་གྱིས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།