རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེན་མོ་འགའི་གོ་གནས་བསྐོ་འཐེན་བྱས།
2018.08.09 ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས། 33

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ་གཞིར་བཟུང་ནས་གཤམ་གྱི་ཕྱི་སྡོད་གཞུང་ཚབ་ཆེན་མོ་འགའི་གོ་གནས་བསྐོ་འཐེན་བྱས།

གཅིག། ཧྥུའུ་ཧྭ་ཆང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཅི་པུའུ་ཐིས་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་འགན་བླངས་པ་དང་། ཀྲོ་རོས་ཧྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཅི་པུའུ་ཐིས་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས། གཉིས། ཝུའུ་ཅེ་ཡི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲ་ཏི་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་འགན་བླངས་པ་དང་། ལི་ཅིན་ཅིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲ་ཏི་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས། གསུམ། ཝང་ཧྲི་ཡན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་ལ་ཝེ་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་འགན་བླངས་པ་དང་། ལིག་ཧོང་དབྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་ལ་ཝེ་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས།