ལིག་ཉིང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་སོང་ནས་འཚམས་འདྲི་དང་བཞུགས་མོལ་བྱས།
2018.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བརྒྱད་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་སོང་ནས་འཚམས་འདྲི་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་གཏིང་ཟབ་ཏུ་སྤེལ་བ། སྲིད་གཞུང་གི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་བཅས་ཀྱི་ཐད་ནས་གྲོས་གཞི་དང་བསམ་འཆར་ལ་ཉན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གཉིས་ཀྱིས་སོ་སོར་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་གཟིམ་ཁང་། མཱ་ཧའེ་ཡིན། ཝང་ཞོན། ཏུའུ་ཏི་ཀྲི་བཅས་སོ་སོར་བཞུགས་མོལ་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་མཉམ་དུ་འཚམས་འདྲི་བྱས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་། ལིག་ཉིང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་བོར་ཞིང་ཆེན་སྲིད་གཞུང་གི་བྱ་བར་ལྟ་སྐུལ་དང་རྒྱབ་སྐྱོར། རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཐད་ནས་བླངས་བའི་གྲུབ་འབྲས་རེ་རེ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷནཁ་ང་གི་སེམས་ཁུར་དང་རྒྱབ་སྐྱོར་དང་འབྲལ་ཐབས་མེད་ལ། ལྷག་པར་དུ་མིག་སྔའི་ལྔ་བཞི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་རྒྱུན་མཐུད་ངང་སྤེལ་བ་དང་། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་རྒྱབ་སྐྱོར་ཤུགས་ཆེན་དགོས་པས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་དུ་ཞིང་ཆེན་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། བརྗེ་རེས་ལ་ཤུགས་སྣོན་པ། དུས་ལྟར་གསལ་འདེབས་བྱེད་པ། སྲིད་གཞུང་གི་མི་སྣ་ཡོངས་ཀྱིས་བློ་གཅིག་སེམས་གཅིག་དང་ལྷག་བསམ་རྣམ་དག་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་དང་མཛུབ་སྟོན་དང་ལེན་བྱེད་པ། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོབ་གཉིས་ཀྱི་བྱ་བ་བསྒྲུབ་པ། ཧུར་ཐག་གིས་ཞབས་ཞུ་ཅན་དང་ཁྲིམས་སྐྱོང་ཅན། ཕན་ནུས་ཅན་གྱི་དྭངས་གཙང་སྲིད་གཞུང་བསྐྲུན་པ་དང་། བཅོས་བསྒྱུར་གསར་གཏོད་དང་དཀའ་ངལ་ཁྱད་སེལ། འགན་སྒྲུབ་ནན་མོ་བྱས་ཏེ། སྲིད་གཞུང་གི་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུས་སྤྲད་པའི་ལས་འགན་སྣ་ཚོགས་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས་ཟེར། ཀྲུང་ཀོང་རོང་གིས་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལྟར། སྔར་བཞིན་དུ་སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་བར་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་བསྣན་ནས། སྲིད་གཞུང་གི་བྱ་བ་དེ་ཁྲིམས་སྐྱོང་གི་ལམ་བུའི་སྟེང་ཕན་པ་མཐོ་བའི་སྒོ་ནས་བསྒྲུབ་པར་ཁག་ཐེག་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་། ལིག་ཉིང་གིས་ཞིང་ཆེན་སྲིད་གྲོས་ཀྱིས་དུས་ཡུན་རིང་བོར་ཞིང་ཆེན་སྲིད་གཞུང་གི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར། རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས། ཁྱད་ཆོས་ལྡན་པ་དང་གསར་གཏོད་རང་བཞིན་གྱི་བྱ་བ་མང་པོ་བསྒྲུབས་པ་དང་། དཀའ་གནད་དང་ཚང་མས་དོ་སྣང་བྱེད་པའི་བྱ་བའི་ཐད་ནས་ལྟ་ཚུལ་ཡང་དག་བཏོན་ནས། སྲིད་གཞུང་གི་བྱ་བའི་ཐད་རོགས་རམ་ཆེན་པོ་འདོན་སྤྲོད་བྱས། སྲིད་གྲོས་དང་ཨུ་ཡོན་ཚོས་འབྲེལ་འདྲིས་ངོས་ཆེ་བ་དང་འཇོན་མི་མང་བ། མཐོང་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། སྔར་བཞིན་དུ་སྲིད་གཞུང་གི་བྱ་བར་སེམས་ཁུར་དང་དོ་སྣང་བྱས་ཏེ། ལྔ་བཞི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་གཞུང་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་ཐད་བློ་འདོན་ཇུས་འབུལ་བྱེད་པ་མ་ཟད། སྲིད་གྲོས་ཀྱི་བྱ་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པའི་སྨོན་འདུན་ཞུས་པ་ཡིན་ཟེར། ཀྲང་ཧྲིག་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། མཉམ་དུ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཆེན་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།