སྤེལ་དུས།2018.08.10 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

 ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ལི་ཏུའུ་ཆུའུ་ཀྲུང་པཱ་ཞང་དུ་སོང་ནས། དེ་གའི་གནོད་ཐེབས་མང་ཚོགས་ཀྱི་བདེ་སྡོད་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། གནོད་འགོག་མྱུར་སྐྱོབ་བྱ་བར་མཛུབ་སྟོན་བྱས། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མིག་སྔར། གནོད་ཐེབས་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་སྲུང་ཐོབ་ཡོད་ནའང་ཆར་ཆེན་འབབ་པའི་དུས་ཚིགས་རྫོགས་མེད་པས་ན། ལྷོད་གཡེང་གི་བསམ་བློ་སྤུ་ཙམ་ཡང་སྐྱེས་མི་རུང་བར། མུ་མཐུད་དུ་ཁ་གཏད་འཇལ་བའི་ལས་དོན་བཟང་བོར་བསྒྲུབ་དགོས། གཅིག་ནས་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཀོད་སྒྲིག་གང་ལེགས་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་རྩ་བའི་འཚོ་བ་དང་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཤུགས་ཆེན་པོས་དངོས་ཟོག་འདོན་སྤྲོད་ལ་འགན་ལེན་ཁག་ཐེག་བྱས་ཏེ། བགྲོད་ལམ་དང་གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་གེགས་མེད་སླར་གསོ་ཡོང་བར་འབད་དགོས། གཉིས་ནས་ཆུ་ལོག་སྔོན་འགོག་གི་ལས་དོན་བཟང་བོར་བསྒྲུབ་པ་དང་། གནོད་འཚེ་འབྱུང་བའི་འགལ་རྐྱེན་ཅི་རིགས་ཐག་གཅོད་བྱས་ནས། ཆུ་མ་ཡོང་གོང་གི་རགས་རྒྱག་དགོས། གསུམ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་ལ་སྲུང་སྐྱོབ་ལེགས་པོ་བྱས་ནས། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་བརྟན་འཇགས་དང་ཚོད་འཛིན་གྱི་ལས་དོན་བཟང་བོར་བསྒྲུབ་དགོས། བཞི་ནས་གནོད་འགོག་དཔྱད་ཞིབ་ཚན་ཆུང་བཙུགས་ཏེ། གནོད་ཐེབས་གནས་ཚུལ་ལ་དཔྱད་ཞིབ་མ་ནོར་བ་བྱེད་དགོས། ལྔ་ནས་གནོད་ཐེབས་ས་ཁུལ་སོ་སོའི་ཞིག་གསོའི་ལས་དོན་མགྱོགས་མོར་གཉེར་ནས། གནོད་ཐེབས་ས་ཁུལ་གྱི་བདེ་འཇགས་ལ་གེགས་ཅི་ཡོད་དུས་ལྟར་སེལ་དགོས་ཟེར། 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།