ཀྲང་ཞི་མེན་གྱིས་མགོ་ལོག་ཁུལ་དུ་རྟོག་ཞིབ་བྱེད་སྐབས་མཚོ་སྔོན་གསར་བའི་དགོངས་དོན་དར་སྤེལ་བྱས་ཏེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ལེའུ་གསར་བ་འབྲི་དགོས་ཞེས་ནན་གྱིས་བསྟན།
2018.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ8པའི་ཚེས7ཉིན་ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་གྱི་དྲིལ་སྒྲོག་རིག་གནས་བྱ་བར་རྟོག་ཞིབ་བྱས།

རྨ་ཆེན་རྫོང་གངས་རི་ཞང་གཡས་ཁོག་སྡེ་བ་དང་དར་ལག་རྫོང་གླིང་དཀར་རྟ་རྒྱུགས་འདུ་ར། དགའ་བདེ་རྫོང་ཁྱི་འབྲི་ཞང་བཅས་སུ་ཀྲང་ཞི་མེན་དང་ལས་བྱེད་མང་ཚོགས་ཚང་མས་མཉམ་གཅིག་ཏུ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། གཞི་རིམ་འཛུགས་སྐྲུན་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཕན་ཚུན་བརྗེ་རེས་བྱས་ལ། ཚང་མར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་བརྩི་བའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ་དང་། རྒྱང་རིང་ལ་དམིགས་པ་དང་ཡིད་ཆེས་སྒོ་འབྱེད། མཐུན་སྒྲིལ་སྐྱེས་འབུལ། འབད་འཐབ་ལྷོད་མེད་བཅས་ཀྱི་མཚོ་སྔོན་གསར་བའི་དགོངས་དོན་དར་སྤེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཀ་ལེགས་པའི་འཚོ་བ་མངོན་འགྱུར་བྱེད་པའི་ཐད་དུ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་།

ཀྲང་ཞི་མེན་གྱིས་མགོ་ལོག་ཁུལ་གྱི་རྫོང་སོ་སོས་དུས་ཐོག་ཏུ་བོད་རྒྱ་སྐད་གཉིས་ཀྱི་དཔེ་དེབ་སྒྲིག་སྤེལ་དང་འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་སྤྱི་བསྡོམས་དང་ཁྱབ་བརྡལ་དུ་གཏོང་བ་དང་། མང་ཚོགས་ཉན་སྤྲོ་ཞིང་བལྟ་འདོད་པའི་བྱེད་ཐབས་སྤྱད་ནས་གཞི་རིམ་ལ་ཁ་ཕྱོགས་པ་དང་མང་ཚོགས་ལ་ཁ་ཕྱོགས་ཏེ་དྲིལ་སྒྲོག་དང་སྒྲོག་སྤེལ་བྱེད་དགོས་ལ། མུ་མཐུད་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དེ་གཏིང་ཟབ་སར་སྤེལ་དགོས་པའི་རེ་བ་བཏོན། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པ་དོན་གྱིས་གཙོ་ཤུགས་འགན་འཁྲི་ཁག་ཁུར་བྱེད་པ་དང་། མགྱོགས་མྱུར་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་། དངོས་ཡོད་ལ་འབྲེལ་འདྲིས་དམ་ཟབ་བྱས་ཏེ་སྒྲོག་འགྲེལ་སྤེལ་བ། ལས་བྱེད་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་སྣེ་སྟོན་བྱེད་དགོས། དྲིལ་སྒྲོག་སྡེ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱེད་པར་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་ཁ་དབུགས་སྟུག་པོ་བསྐྲུན་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཁྲོད་བཏོན་པའི་རིགས་སོ་སོའི་འཐབ་ཇུས་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།