ཝང་ཀྲིན་ཧྲིན་གྱིས་གྲོས་གཞི་བསྒྲུབས་པ་དང་ལན་འདེབས་པར་སྣེ་ཁྲིད་པའི་བྱ་བའི་ཐུག་འཕྲད་གྲོས་ཚོགས་བསྡུས།
2018.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གྱིས་གྲོས་གཞི་བསྒྲུབས་པ་དང་ལན་འདེབས་པར་སྣེ་ཁྲིད་པའི་བྱ་བའི་ཐུག་འཕྲད་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་ཚོགས་འདུར་ཞུགས། ཚོགས་ཐོག་ནས་གྲོས་གཞི་བསྒྲུབས་པའི་ལས་ཁུངས་ཀྱིས་གྲོས་གཞི་བསྒྲུབས་པའི་གནས་ཚུལ་སྙན་ཞུ་ཕུལ་ནས། ཨུ་ཡོན་རྣམས་ཀྱི་བསམ་འཆར་ལ་ཉན། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འགན་སྒྲུབ་ལས་ཁུངས་སོ་སོས་གྲོས་གཞི་བསྒྲུབ་པའི་གོ་རིམ་ཁྲོད་དུ་མཐོང་ཆེན་རྣལ་མ་བྱས་ནས། ཨུ་ཡོན་རྣམས་ཀྱིས་བཏོན་པའི་བསམ་འཆར་བསྡུ་ལེན་དང་དེར་ཞིབ་འཇུག་ནན་མོ་བྱས་ཏེ། འབྲེལ་ཡོད་བྱ་བའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་འཛུགས་དགོས་ལ། ཕན་འབྲས་མཐོ་ལ་བདེན་གཉེར་གྱི་བྱ་བའི་བྱེད་ཕྱོགས་ལྟར་གྲོས་གཞི་བསྒྲུབ་པའི་འོས་འགན་ཡོངས་འགྲུབ་བྱས་ནས། དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། གྲོས་གཞི་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ཏེ་ཕན་འབྲས་ལོན་པར་བྱེད་དགོས་ལ། སྲིད་གྲོས་ཨུ་ཡོན་རྣམས་དང་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་གྲོས་གཞི་བསྒྲུབ་དགོས་ཟེར།