མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར། ཁུལ་ཡོངས་བཅས་ཀྱི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས།
2018.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་པའི་བྱ་འགུལ་སྔར་ལས་གཏིང་ཟབ་དུ་སྤེལ་ཆེད། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་དང་དེར་ཞིབ་འཇུག་གྲོས་སྡུར་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་བླངས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་བླང་བྱ་གཏིང་ཟབ་དུ་སྤེལ་བ་དང་། སློབ་སྦྱོང་དང་གྲོས་སྡུར་ཞིབ་འཇུག་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་མཐར། སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་ལས་དོན་ལ་ཕན་འབྲས་བཟང་བོ་ཐོབ་པར་བྱེད་དགོས་ཞེས་བཤད། 

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི། ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་ཞིང་ཆེན་བཅས་ཀྱི་སྲིད་གྲོས་ས་ཁུལ་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། ཚོགས་ཐོག་ནས་གྲོང་ཁྱེར་དང་ཁུལ་གྱི་འགན་ཁུར་བློ་མཐུན་བརྒྱད་ཀྱིས། དུས་རིམ་སྔོན་མར་སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར་བྱས་བའི་གནས་ཚུལ་དང་། མ་འོངས་པའི་བྱ་བའི་འཆར་གཞིའི་སྙན་ཞུ་ཕུལ།

རྡོ་རྗེ་རབ་བརྟན་གྱིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་དུས་རིམ་སྔོན་མའི་བྱ་བར་ཁས་ལེན་ཡང་དག་བྱས་པའི་དུས་མཚུངས་སུ། ཧེ་བག་དང་འདང་ངེས་མིན་པའི་གནད་དོན་གསལ་འདོན་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་བློ་གལ་ཆེན་དང་དོན་སྙིང་གལ་ཆེན་ལ་སློབ་སྦྱོང་བཟང་བོ་དང་དངོས་འབེབས་བཟང་བོ་བྱས་ཏེ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སློབ་སྦྱོང་དང་གྲོས་སྡུར་ཞིབ་འཇུག་བྱ་བར་ངོས་ཟིན་ཟབ་མོ་དང་སྐུལ་འདེད་གང་ལེགས་བྱས་ནས། བསམ་བློ་དང་སྦྱོར་བ་གཉིས་རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་བླང་བྱའི་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་དགོས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ནུབ་བྱང་ས་ཁུལ་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྟེང་ནས་གཅིག་གྱུར་ཡོང་བར་འབད་མཐར། སློབ་སྦྱོང་དང་གྲོས་སྡུར་ཞིབ་འཇུག་བྱ་བ་གཏིང་ཟབ་དུ་སྤེལ་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པར་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཚན་རིག་གི་ལམ་ནས་བྱ་བའི་བསམ་ཕྱོགས་དང་བྱེད་ཕྱོགས་ལ་འཆར་འགོད་འཐེན་དགོས་ཤིང་། གནད་དོན་ལ་ཞིབ་བཤེར་དང་ལེགས་སྒྲིག་དངོས་འབེབས་བྱ་བ་དམ་པོར་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་སྲིད་གྲོས་བྱ་བའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་ལ་ཞིབ་འཇུག་གྲོས་སྡུར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་ཡོང་བར་དོ་སྣང་བྱས་ཏེ། གཞུང་ལུགས་ཞིབ་འཇུག་དང་ལག་ལེན་འཚོལ་དཔྱོད་ཀྱི་འབྲེལ་ཡོད་བྱ་འགུལ་སྤེལ་ནས། སྲིད་གྲོས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས། སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར་བྱ་འགུལ་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པའི་སྲིད་གྲོས་ཀྱིས་མཉམ་དུ་འབད་འབུངས་བྱས་ཏེ། འབྲེལ་ཡོད་བྱ་བའི་སྒྲིག་གཞི་འཛུགས་སྐྲུན་བྱས་ནས། སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར་བྱ་བ་དམ་འཛིན་དང་དངོས་གཉེར། ཕན་འབྲས་ལོན་པ་བཅས་ལ་འབད་མཐར། རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་བླང་བྱ་མ་ལུས་མཚོ་སྔོན་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས། ཀྲུང་དབྱང་གི་ཇུས་ཆོད་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག སྲིད་གྲོས་བྱ་བའི་བླང་བྱ་བཅས་དངོས་འབེབས་ནན་མོ་བྱས་ནས། ཐུན་མོང་གི་ཆིག་སྒྲིལ་ལྟ་བ་དང་སྟོབས་ཤུགས་མ་ལུས་སྲིད་གྲོས་འགན་ནུས་ལག་བསྟར་བྱེད་པའི་ལས་རིམ་ཧྲིལ་བོའི་ཁྲོད་དང་ཕྱོགས་སོ་སོར་བརྒྱུས་ཏེ། བྱ་བའི་ཤུགས་འདོན་ས་མ་ནོར་བར་བྱེད་པ་དང་སྤུས་ཚད་མཐོ་བའི་བླང་བྱ་འབུར་དུ་ཐོན་པར་བྱེད་པ། ཧུར་བརྩོན་ཆེན་པོས་འགན་ནུས་ལག་བསྟར་བྱས་ཏེ། ཨུ་ཡོན་རྣམས་ཀྱིས་ལས་རིམ་ཁག་སོ་སོའི་འགན་ནུས་བྱ་བ་བསྒྲུབ་པར་རྩ་འཛུགས་བྱེད་དགོས་ལ། འགན་ནུས་ལག་བསྟར་བྱ་འགུལ་སྤེལ་བའི་ཁྲོད་ནས་ཨུ་ཡོན་རང་སྟེང་གི་སློབ་སྦྱོང་སྔར་ལས་ཇེ་དྲག་ཏུ་གཏོང་བར་དོ་སྣང་བྱས་ནས། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་གཏོང་བ་དང་། གྲོས་མོལ་སྲིད་གླེང་དང་སློབ་སྦྱོང་སློབ་གསོ་གཉིས་སིམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་བསྒྲུབ་པ་ལ་མཐོང་ཆེན་བྱས་ཏེ། ཧུར་བརྩོན་ཆེན་པོས་མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཐུབ་པའི་བརྒྱུད་ལམ་གསར་བ་དང་བྱེད་ཐབས་གསར་བ་ལ་ཞིབ་འཇུག་དང་འཚོལ་དཔྱོད་བྱེད་དགོས་ཟེར།  

ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་འདོན་ཨུ་ཡོན་ལྷན་ཁང་། སློབ་སྦྱོང་དང་རིག་གནས་ལོ་རྒྱུས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།