ཐེ་ཝན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་བྱ་བར་རྟོག་ཞིབ་བྱས།
2018.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་བརྒྱད་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དུ། རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཧོང་ཀྲི་ཞན་ཚོགས་གཙོ་ཡིན་པའི་ཐེ་ཝན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་ཚབ་ཚོགས་པ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀའོ་ཀྲིན་ཧྭ་མཚོ་སྔོན་དུ་ཡོང་ནས་བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འཐུབ་ཚབ་ཚོགས་པར་ཐུག་འཕྲད་བྱས། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་རྟོག་ཞིབ་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་མཚོ་སྔོན་གྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀོ་ཧྭ་དང་ཉི་མ་སྒྲོལ་མ་གཉིས་ཀྱིས་སོ་སོར་རྟོག་ཞིབ་བྱེད་རོགས་བྱས།

འཐུབ་ཚབ་ཚོགས་པ་སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སོང་ནས། ཡུལ་དངོས་ནས་རྟོག་ཞིབ་དང་རྒྱུ་ཆ་ཀློག་པ། བཞུགས་མོལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གུང་ཧོ་རྫོང་ཉི་འོད་ནུས་པའི་བཟོ་ལས་ར་བའི་སྐྱེ་ཁམས་ཁོར་ཡུག་དང་། ཁྲི་ཀ་རྫོང་རྨ་ཆུ་གཙང་མའི་རྒྱལ་ཁབ་བརླན་ས་སྤྱི་གླིང་། ཡུས་ཧྲུའུ་རོང་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ། ཡུས་ཧྲུའུ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་སྲང་ལམ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ། དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཡང་དག་བྱས།