མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2018.08.17 ཁུངས། མཚོས་ྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཟི་ལིང་ནས་ཚོགས

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། འགན་ཁུར་གསར་བ་དང་གྲུབ་འབྲས་གསར་བར་བརྟེན་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚེ། ཝང་ཡུས་པའོ། ཡན་ཅིན་ཧའེ། ཡུས་ཚོང་ལི། ཀྲང་ཀོང་རོང་། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཀྲང་ཝུན་ཁོས། ཁྲིན་མེན་ཀའོ། དབྱིན་པད་བཅས་གྲོས་ཚོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་བྱ་བའི་སྙན་ཞུ་ཕུལ།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏན་ཁེལ་གསལ་བོ་བྱས་པ་དང་། ངེས་གསལ་བརྒྱད་དང་གཞི་རྩའི་ཇུས་གཞི་ཆེན་མོ་བཅུ་བཞི་བཏོན་པ་དེ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་གཙོ་བོ་ནི་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་པ་དང་། དུས་རབས་གསར་བའི་རྩ་འཛུགས་བྱ་བའི་ཐད་ཀྱི་གཞུང་ལུགས་གལ་ཆེན་དང་མངོན་སུམ་གནད་དོན་རབ་དང་རིམ་པར་ལན་གསལ་བོ་བཏབ་པ་དེ་ཡིན་པས། ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་། དུས་རབས་གསར་བའི་ཏང་གི་རྩ་འཛུགས་བྱ་བའི་གོ་གནས་དང་ནུས་པར་ངོས་འཛིན་ཡང་དག་བྱེད་པ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་སྤེལ་བའི་གོ་རིམ་ཁྲོད་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པའི་གོ་རིམ་ཁྲོད་ཁ་ཕྱོགས་གསར་བ་འཚོལ་བ། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ཁྲོད་གནས་ཚད་གསར་བ་གཏན་ཁེལ་བྱེད་པ། ཉམས་སད་ཆེན་པོ་བཞི་དང་ཉེན་ཁ་སྣ་བཞི་ལ་ཁ་གཏད་འཇལ་བའི་ཁྲོད་འགྲན་རྩོད་གསར་བ་གདོང་གིས་བསུ་བ། རྩ་འཛུགས་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཁྲོད་ལས་འགན་གསར་བ་ཡོངས་འགྲུབ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལག་ལེན་གསར་བ་འགོ་རྩོམ་པ། བབ་བསྟུན་མདུན་སྐྱོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་རྩ་འཛུགས་བྱ་བའི་གཞི་འཛིན་ས་དང་ཤུགས་འདོན་ས་ཁོང་དུ་ཆུད་པར་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ། མི་སྣ་གཙོ་བོ། གཡུལ་ས་གཙོ་བོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་འཛུགས་སྐྲུན་ལ་དོ་སྣང་བྱེད་པ། མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་གཉིས་ཀྱི་སྟེང་སེམས་ཤུགས་བཏོན་ནས། རྩ་འཛུགས་ཀྱི་བྱ་བ་ནམ་ཡང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྒྱུད་དེ་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས། བསམ་བློ་འཛུགས་སྐྲུན་ལ་དོ་སྣང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པའི་སྟེང་སེམས་ཤུགས་བཏོན་ནས། སློབ་སྦྱོང་ནན་མོ་དང་ལག་ལེན་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། རྩ་འཛུགས་འཛུགས་སྐྲུན་གྱི་འགན་སྲུང་ལ་དོ་སྣང་བྱེད་པ་དང་།ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་སྟེང་སེམས་ཤུགས་བཏོན་ནས། སྤྱོད་ཚུལ་བཟང་བོར་བརྟེན་ནས་སྤྱོད་ཚུལ་བཟང་བའི་མི་འདེམ་དགོས། སྒྲིག་ལམ་འཛུགས་སྐྲུན་གྱི་གནད་འགག་ལ་དོ་སྣང་བྱེད་པ་སྟེ། ལས་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་སྟེང་སེམས་ཤུགས་བཏོན་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མི་རབས་རེ་ལ་མི་རབས་རེའི་འགན་འཁྲི་དང་འགན་ཁུར་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་དམ་པོར་འབྲངས་པ། ཏང་ཀྲུང་དབྱང་གི་བཀའ་ལ་ཉན་པ། ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་ཆབ་སྲིད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ། སྐུལ་སློང་གཏོང་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཁ་ཕྱོགས་འཛུགས་པ། དཔེ་མཚོན་གྱི་སྣེ་ཁྲིད་འབུར་ཐོན་བྱེད་པ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་གྱི་རྩ་འཛུགས་བྱ་བའི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

ལིག་ཉིང་གིས་འགོ་མཛིན་གཏམ་བཤད་སྤེལ་སྐབས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མྱུར་དུ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་གི་གོ་དོན་དང་ལག་ལེན་གྱི་རེ་བར་རྒྱུས་ལོན་གཏིང་ཟབ་བྱེད་པ། དུས་རབས་གསར་བའི་རྩ་འཛུགས་བྱ་བའི་གོ་གནས་དང་ནུས་པ་ལ་ངོས་འཛིན་ཡང་དག་བྱེད་པ། དུས་རབས་གསར་བའི་རྩ་འཛུགས་བྱ་བའི་གཞི་འཛིན་ས་དང་ཤུགས་འདོན་ས་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅན་ཅུན་གྱི་རེ་བ་ལྟར། ཏང་གི་ཆབ་སྲིད་འཛུགས་སྐྲུན་ནམ་ཡང་གོ་གནས་དང་པོར་འཇོག་པ་དང་། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། དུས་རབས་གསར་བའི་འགན་ཁུར་གསར་བ་དང་གྲུབ་འབྲས་གསར་བར་བརྟེན་ནས་བྱ་བའི་བསམ་ཕྱོགས་ལེགས་བསྒྱུར་བྱེད་པ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཆེད་ལས་ཀྱི་བྱང་ཚད་མཐོར་འདེགས་བྱེད་པ། རྣམ་པ་དང་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ། རྩ་འཛུགས་མ་ལག་སྟོབས་ལྡན་དུ་བསྒྱུར་བ། དྭངས་གཙང་བློ་དཀར་དང་འགན་ཁུར་འདུ་ཤེས་ཡོད་པ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པ། རྒྱལ་ཁབ་ལ་དགའ་ཞིང་བློས་གཏོང་གི་སྙིང་སྟོབས་ལྡན་པའི་ཕྱོགས་སོ་སོའི་ཕུལ་བྱུང་གྱི་ཤེས་ལྡན་མི་སྣ་ལ་དོ་སྣང་ཆེན་པོ་བྱས་ཏེ། ལྔ་བཞི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་བརྟན་བརླིང་ངང་སྤེལ་བ་དང་། དུས་མཉམ་གཅིག་དང་སྔར་ལས་བཞི་ཡི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་བའི་རེ་བ་བཏོན།

ཝང་ཡུས་ཡན་གྱིས་གཏམ་བཤད་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་རྩ་འཛུགས་བྱ་བར་སྤྱི་སྡོམ་བྱས་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ། ཏང་གི་གཞི་རིམ་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ། དྭངས་གཙང་བློ་དཀར་དང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་འདོན་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་མཁོ་བའི་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ཕུལ་བྱུང་དུ་ན་གཞོན་ལས་བྱེད་པ་འདེམ་བསྐོ་དང་སྐྱེད་སྲིང་བྱས་ཏེ། དུས་རབས་གསར་བའི་རྩ་འཛུགས་བྱ་བའི་རྒྱུ་སྤུས་དང་ཆུ་ཚད་རྒྱུན་མ་ཆད་མཐོར་འདེགས་གཏོང་དགོས། རྒྱ་ཆེའི་རྩ་འཛུགས་བྱ་བའི་ལས་བྱེད་པས་གཟབ་ནན་དང་སེམས་ཆུང་། ཞིབ་ཕྲ། བདེན་པ། སྤུས་ལེགས་ཀྱི་སྤྱོད་ཚུལ་གྱི་རེ་བ་ལག་བསྟར་བྱེད་པ་དང་། ཆབ་སྲིད་གླེང་བ་དང་དྲང་བདེན་ལ་དོ་སྣང་བྱེད་པ། ལས་སྒོ་ལ་མཁས་པ། སྤྱོད་ཚུལ་བཟང་བའི་དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་བྱས་ནས། ལྔ་བཞི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་སྤེལ་བ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་སྐྲུན་པའི་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།