ཝང་དབྱང་གིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2018.08.18 ཁུངས། མཚོ་སྔོན་གསར་འགྱུརར་དྲ་ང། ཀློག་གྲངས། 28

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་བདུན་ཉིན། པེ་ཅིན་ནས་ཕ་ཁི་སི་ཐན་གྲོས་ཁང་གི་ཀྲུའུ་ཞི་སང་ཅིས་ལཱ་ཉིས་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་བཤད་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་རི་ཆུ་མུ་འབྲེལ་དུ་གནས་ཡོད་པས། ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་རྣམ་པས་གནས་ཡོད། རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་གནས་བབ་ཇི་འདྲ་འགྱུར་རུང་། ཀྲུང་གོ་ཕྱོགས་ཀྱིས་དུས་ནམ་ཡང་ཕ་ཁི་སི་ཐན་ནི་ཁྱིམ་མཚེས་ལྟ་བུ་དང་གྲོགས་པོ་ལྟ་བུ། སྡོང་གྲོགས་ལྟ་བུ། སྤུན་ཟླ་ལྟ་བུར་ངོས་འཛིན་དང་གཅེས་སྤྲས་བྱེད་ངེས་ཡིན།  ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕ་ཁི་སི་ཐན་གྲོས་ཁང་གི་མཉམ་ལས་བརྗེ་རེས་འབྲེལ་བར་ཤུགས་བསྣན་ནས། རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་ལས་དབང་གཅིག་པའི་ཚོགས་པ་ཡི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན་ཟེར།

སང་ཅིས་ལཱ་ཉིས་ཀྱིས་བཤད་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། ཕ་ཁི་སི་ཐན་གྱི་མི་དམངས་ཡོངས་ལ་ཕན་ཁེ་ཆེན་པོ་བསྐྲུན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་མཛའ་འབྲེལ་ཇེ་བརྟན་དུ་བཏང་ནས། ཕྱོགས་གཉིས་ཀའི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། ཞ་པའོ་ལུང་ཐེངས་འདིའི་མཇལ་འཕྲད་ལ་ཞུགས།