ཞི་ཅིན་ཕིང་གིས་མི་དམངས་བདེ་ཐང་ཡོང་བར་བྱས་རྗེས་གསར་བ་འཇོག་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས།
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཀྲུང་གོའི་མཐོ་རིམ་སྨན་པའི་དུས་ཆེན་སྐབས་དང་པོ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། ཚེ་སྲོག་ལ་བརྩི་བཀུར་སྲུང་སྐྱོབ་བྱེད་པ་དང་། སྲོག་སྐྱོབ་རྨས་གསོ་བྱེད་པ། བྱས་རྗེས་འཇོག་པ། བྱམས་བརྩེ་དབྱེར་མེད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བདེ་ཐང་ཐད་ཞབས་ཕྱི་བསྒྲུབས་པ་དང་།  མི་དམངས་བདེ་ཐང་ཡོང་བར་མུ་མཐུད་དུ་བྱས་རྗེས་གསར་བ་བཞག་ཅིང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། ཧུར་ཐག་སྒོས་རང་རྒྱལ་གྱི་འཕྲོད་བསྟེན་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱས་ཅེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དེས་རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས།

རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་བཏོན་པའི་ཡིག་འབྲུ་བཅུ་དྲུག་གི་དགོངས་དོན་གྱིས་ང་ཚོར་སྐུལ་མ་ཆེན་པོ་ཐེབས། དུས་རབས་གསར་བར་ཞུགས་རྗེས། མི་དམངས་མང་ཚོགས་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་ཐད་ལ་བཅངས་པའི་དགོས་མཁོ་ཡང་སྔར་ལས་མཐོ་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རྒྱ་ཆེའི་སྨན་བཅོས་མི་སྣར་འགན་འཁྲི་ལ་གཟི་བརྗིད་ཆེ་ཞིང་ལས་འགན་ཧ་ཅང་ལྕི་བའི་ཚོར་སྣང་སྐྱེས་ཟེར།

དུས་རབས་གསར་བར་སྨན་བཅོས་མི་བྱ་བ་སྒྲུབ་མཁན་ལ་འགན་འཁྲི་གསར་བ་གནང་། རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱིས་བཤད་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ནས་མི་དམངས་མང་ཚོགས་ལ་ཆེས་བཟང་བོའི་འཕྲོན་བསྟེན་དང་བདེ་ཐང་ཞབས་ཕྱི་འདོན་སྤྲོད་བྱེད་པ་ཡིན་ཟེར།