ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡ་ཅ་ཏ་ནས་ཚོགས་འགོ་བརྩམས།
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ས་དེའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བདུན་གྱི་སྟེང་། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡ་ཅ་ཏ་ནས་ཚོགས་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངགས་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གདན་དྲངས་པ་ལྟར་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ཀྲུང་གོ་ནི་ལུས་རྩལ་གྱི་རྒྱལ་ཁབ་ཆེན་མོ་ནས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བཞིན་པའི་གནད་འགག་གི་སྐབས་སུ་གནས་ཡོད། ཙུང་ལི་གཞོན་པ་སུན་ཁྲུན་ལན་ཞི་ཅིན་ཕིང་གི་ཆེད་མངགས་ཕོ་ཉ་ཡིན་པའི་ཆ་ནས། ཐེངས་འདིའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་དེ་ཡིས་ཀྲུང་གོ་སྲིད་གཞུང་གིས་ཨེ་ཤ་ཡའི་ལུས་རྩལ་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ་མཚོན་ཡོད་པ་དང་། ཨེ་ཤ་ཡའི་ཨོ་ལིན་ཕེ་ཁུ་ལས་འཛིན་ལྷན་ཚོགས་དང་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གིས་ཚད་མཐོ་བའི་གཟེངས་བསྟོད་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

ཨེ་ཤ་ཡའི་ཨོ་ལིན་ཕེ་ཁུ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཧ་མེད་ཏི་ཆིན་ཝང་གིས་འགོ་རྩམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁུ་ཡིས་སྐབས་འདིའི་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་བྱས།
ཐེངས་འདིའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་། ཨེ་ཤ་ཡའི་རྒྱལ་ཁབ་དང་ས་ཁུལ་ཞེ་ལྔའི་ལུས་རྩལ་པ་ཁྲི་གཅིག་ལྷག་འགྲན་སྡུར་རྣམ་གྲངས་ཆེན་པོ་བཞི་བཅུ་དང་འགྲན་སྡུར་རྣམ་གྲངས་ཆུང་བ་བཞི་བརྒྱ་དང་ཞེ་ལྔའི་ནང་ཞུགས་རྒྱུ་རེད།