ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
2018.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1013

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་པའི་ང་ཚོའི་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པ་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་། སྟོབས་ལྡན་རྒྱལ་ཁབ་དང་སྟོབས་ལྡན་དམག་དཔུང་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན། དམག་དཔུང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དངོས་འབེབས་བཟང་བོ་བྱེད་དགོས་ལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་བྱེད་དགོས་པར་མ་ཟད། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། དམག་འཐབ་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་ང་ཚོའི་དམག་དཔུང་གིས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ནས། ཏང་གིས་དུས་རབས་གསར་པའི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པ་དང་དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་པར་སྟོབས་དང་ལྡན་པའི་ཆབ་སྲིད་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་རྣམས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ནི་ང་ཚོའི་དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གནད་འགག་ཡིན་པས། སྟོབས་ལྡན་དམག་དཔུང་ལས་དོན་གྱི་དར་རྒུད་རྒྱལ་ཕམ་ལ་འབྲེལ་བ་ཡོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་འབྲེལ་བ་ཡོད། ཏང་གིས་དུས་རབས་གསར་པའི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་ཡོངས་སུ་སྙན་གྲགས་ཆེ་བའི་དམག་དཔུང་ཞིག་ཏུ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་སྐབས། ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པ་དང་ནན་ཏན་སྒོས་བྱ་བ་སྒྲུབ་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ང་ཚོའི་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ཕྱོགས་སུ་གནས་པའི་འགལ་བ་དང་ཞན་ཆ་སྣ་ཚོགས་ཐག་གཅོད་གང་ལེགས་བྱས་ཏེ། ང་ཚོའི་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་བྱ་བ་ཏན་ཏན་ཏིག་ཏིག་སྒོས་བསྒྲུབ་པ་དང་ང་ཚོའི་དམག་དཔུང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གསུངས་རྒྱུར། འབུམ་ཤོག་རིམ་པ་ཡན་གྱི་མཐོ་རིམ་ཏང་ཨུ་ཡིས་ང་ཚོའི་དམག་དཔུང་གི་ཏང་གི་རྩ་འཛུགས་མ་ལག་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པ་དང་འགན་འཁྲི་ལྕི་མོ་འཁུར་ཡོད་པས། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་སྟེ་ཆབ་སྲིད་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས་ལ། ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་ནུས་པ་ཇེ་ཆེར་བཏང་ནས་ཆབ་སྲིད་གོ་རྟོགས་ཇེ་མཐོར་འགྲོ་བར་ཁག་ཐེག་བྱེད་དགོས། མཐོ་རིམ་ཏང་ཨུ་ཡིས་དམག་འཐབ་གྲ་སྒྲིག་བྱ་བ་དམ་འཛིན་བྱས་ཏེ། འཐབ་ཇུས་འཆར་འགོད་ནུས་པ་དང་དམག་འཐབ་གྲ་སྒྲིག་ནུས་པ། བཅོས་སྒྱུར་གསར་སྐྲུན་ནུས་པ། ཚན་རིག་དོ་དམ་ནུས་པ། དངོས་འབེབས་དམ་འཛིན་ནུས་པ་བཅས་ཇེ་མཐོར་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་གཉིས་ཀ་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ང་ཚོའི་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་ཐད་ལ་རེ་བ་བཏོན།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥུན་ཧི་དང་ལིས་ཙོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས། འཐབ་ཁུལ་སོ་སོ་དང་དམག་དཔུང་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སོ་སོ། དམག་དོན་ཚན་རིག་གླིང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དམག་དཔུང་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། དེ་མིན་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།