པེ་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།
2018.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། པེ་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཡིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གཏམ་བཤད། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲི་ཀྲང་ཁྲིན་ཅི་ཉིང་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་སོ་སོར་པེ་ཅིན་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་དང་པེ་ཅིན་གྲོང་ཁྱེར་གཉིས་ཀྱི་མི་དམངས་སྲིད་གཞུང་བར་གྱི་་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།

ཚའེ་ཆི་ཡིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་སྔོན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཡུས་ཧྲུའུ་ཡི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་པེ་ཅིན་གྱི་གཡོལ་ཐབས་མེད་པའི་འགན་འཁྲི་དང་འགན་བབ་ཀྱི་བྱ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་བོད་ཁུལ་གྱི་བྱ་བ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། པེ་ཅིན་རྒྱལ་ས་ཡིན་པའི་ཆ་ནས། རྒྱལ་སའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་བརྩེ་སེམས་བཅངས་པ། གནད་ཕིགས་དབུལ་སྐྱོར་དང་ས་དེའི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ། ཡུས་ཧྲུའུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྟེང་ཤུགས་བཏོན་སྟེ། ཁ་གཏད་རོགས་སྐྱོར་གྱི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

ཚའེ་ཆི་ཡིས། ཡུས་ཧྲུའུ་ཡི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལ་རོགས་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་དགོས། མཚོ་སྔོན་ཡུས་ཧྲུའུ་ཡི་དབུལ་ཐར་མཁྲེགས་གཏོར་ལས་འགན་ཡི་གེ་དང་དུས་ཚོགས་རེའུ་མིག་ལྟར། བྱ་བའི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་ལ་དམ་དུ་དམིགས་ནས། དབུལ་སྐྱོར་ལས་གཞི་མཛོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལས་འགན་གསལ་ཕྲ་དང་འགན་འཁྲི་གསལ་ཕྲ་ཇེ་ཞིབ་ཏུ་བཏང་སྟེ། ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་དང་། ལྷག་པར་དུ་ཐོན་ལས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོགས་སྐྱོར་བྱེད་ཡུལ་གྱི་ཁྲག་བཟོ་རྩོལ་ནུས་ཇེ་དྲག་ཏུ་གཏོང་དགོས། ལས་གཞིའི་མ་དངུལ་ཐད་ནས་རོང་འབྲོག་དམངས་དང་གཞི་རིམ། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་དང་གནད་ཕིགས་སྦྲེལ་མཐུད་བྱས་ནས། དབུལ་ཐར་རྒྱུ་སྤུས་དང་ཕན་འབྲས་འབུར་ཐོན་བྱེད་དགོས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་ཡུན་རིང་རྐྱེན་སྲོལ་འཛུགས་དགོས། སྐྱེ་ཁམས་སྲུང་སྐྱོབ་དེ་ཁ་གཏད་རོགས་སྐྱོར་གྱི་གོ་གནས་གཙོ་བོར་འཇོག་པ་དང་། སྐྱེ་ཁམས་དབུལ་སྐྱོར་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་པ། ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་འཛུགས་སྐྲུན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་པེ་ཅིན་གྲོང་ཁྱེར་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་ཀྲུང་དབྱང་གིས་པེ་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་གཏན་ཁེལ་བྱས་པ་དང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་བོད་ཁུལ་ལ་གནང་བའི་དམིགས་བསལ་གྱི་ཐུགས་ཁུར་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་གྱི་མཚོ་སྔོན་གྱི་མཚོན་བྱེད་བྱེ་བྲག་ཀྱང་ཡིན་པས། པེ་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཆབ་སྲིད་གླེང་བ་དང་། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། བྱས་རྗེས་འཇོག་པ་དང་མིག་དཔེ་བྱེད་པ། རྒྱལ་སའི་སྙིང་སྟོབས་དང་རྒྱལ་སའི་ཚད་གཞིའི་འགོ་ཚུགས་ས་མཐོན་པོ་དང་ལས་ཆོད་མཐོན་པོ། ཆུ་ཚད་མཐོན་པོར་བརྟེན་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་ནས། མཚོ་སྔོན་ཞིང་ཆེན་དང་ཡུས་ཧྲུའུ་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་སྒུལ་ཤུགས་ཆེན་པོ་བསྩལ་བ་དང་། སྤྱི་ཚོགས་རིང་ལུགས་གསར་བའི་ཡུས་ཧྲུའུ་གསར་བ་ཞིག་འཛུགས་སྐྲུན་བྱས།  པེ་ཅིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་སྔོན་ཕ་ཡུལ་གཉིས་པར་བརྩིས་ནས། རང་སྟེང་དགེ་མཚན་དང་བློ་གྲོས་འདོན་སྤེལ་བྱས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་ཞུགས་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁས་ལེན་དང་བསྔགས་བརྗོད་ཐོབ་ཟེར། ཁོས་བཤད་རྒྱུར། མཚོ་སྔོན་འཕེལ་རྒྱས་སུ་གཏོང་ན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་འབྲལ་ཐབས་མེད་ལ། པེ་ཅིན་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་དང་རོགས་རམ་དང་འབྲལ་ཐབས་མེད། པེ་ཅིན་དང་མཚོ་སྔོན་གཉིས་ཀྱིས་སྲིད་གཞུང་བར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དེས། རོགས་སྐྱོར་བྱ་བ་གཏིང་ཟབ་དང་མཐོར་འདེགས་གཏོང་ཐུབ་པ་ཁོ་ཐག་ཡིན་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཐུབ་པ་ཁོ་ཐག་ཡིན། ང་ཚོས་ངེས་པར་དུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲོས་མཐུན་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་རོགས་སྐྱོར་གྱི་ལས་གཞི་བཟང་བོར་སྤེལ་བ། མཚོ་སྔོན་རོགས་སྐྱོར་གྱི་མ་དངུལ་ལ་དོ་དམ་བཟང་བོ་བྱེད་པ། གོ་སྐབས་དམ་འཛིན་དང་གནས་བབ་དང་བསྟུན་པ། ཤུགས་གཡར་ནས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་སྐྲུན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་པེ་ཅིན་གྲོང་ཁྱེར་དང་པེ་ཅིན་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་སྟོང་ཟད་དུ་མི་གཏོང་བ་ཁོ་ཐག་ཡིན་ཟེར།

པེ་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ལིས་ཝེ་དང་ཅི་ལེན། ཀྲུང་གུང་། ཚོས་ཧྲུའུ་ཆང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཡུས་པའོ། ཡུས་ཚོང་ལི། མཱ་ཝེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།