ཡན་ཅིན་ཧེ་ཡིས་རྨ་སྟོད་རྫོང་དང་གཅིག་སྒྲིལ་རྫོང་དུ་རྟོག་ཞིབ་བྱས།
2018.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་རྨ་སྟོད་རྫོང་དང་གཅིག་སྒྲིལ་རྫོང་དུ་ཟབ་ཞུགས་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གནས་ཕིགས་དབུལ་ཐར་ལ་སྐུལ་སྤེལ་བྱེད་པའི་ཐད་ནས་ཆེད་དོན་རྟོག་ཞིབ་བྱས་པར་མ་ཟད།  དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས།

ཡན་ཅིན་ཧེ་ཡིས་བསྟན་དོན༎   གཟབ་ནན་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཞིབ་ཕྲ་ཅན་དང་ལག་ལེན་ཅན་དུ་བསྒྱུར་དགོས་པ་དང་།  སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ།  ཐོན་རྫས་མི་གྲགས་ཅན་བསྐྲུན་པར་བརྟེན་ནས་ཞིང་ལས་སྟོབས་ལྡན་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་ཞིང་ཕྱུགས་ལས་རིགས་དེ་ཐོན་ཚད་འཕར་བའི་ཁྲིད་ཕྱོགས་ནས་སྤུས་ཚད་མཐོ་བའི་ཁྲིད་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།   བོད་ཇ་དང་སྐྱེ་ལྡན་ནས།  འབྲི་གཡག་སོགས་ཁྱད་ལྡན་ཞིང་ཕྱུགས་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་།   ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ།   སྤུས་ཀ་མཐོར་འདེགས་གཏོང་བ་དང་ཐོན་རྫས་མིང་གྲགས་ཅན་བསྐྲུན་ཏེ་ཐོན་ཁུངས་བཟང་བོར་རིན་ཐང་བཟང་བོ་མངོན་དུ་འཇུག་པ་དང་ཐོན་རྫས་བཟང་བོ་རིན་གོང་མཐོན་པོས་འཚོང་དགོས།  ཁེ་ཕན་འབྲེལ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ་རོང་འབྲོག་མང་ཚོགས་དང་དབུལ་ཕོངས་མང་ཚོགས་རྣམས་ལ་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཁྲོད་མཉམ་དུ་ཟབ་ཞུགས་བྱེད་པ་དང་མཉམ་དུ་ཕན་ཁེ་ཐོབ་པར་བྱས་ཏེ་སྤུས་ཚད་མཐོ་བའི་དབུལ་ཐར་མངོན་འགྱུར་བྱེད་དགོས་ཟེར།

དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱེད་སྐབས།  ཡན་ཅིན་ཧེ་ཡིས་བཤད་རྒྱུར།   རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་ལན་འཇལ་བ་དང་མེས་རྒྱལ་ལ་དགའ་བ།  སློབ་གསོར་མཐོང་ཆེན་བྱེད་པ།   རྩལ་ནུས་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ་ངལ་རྩོལ་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད་དགོས་ཟེར།