ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་མཛད་རྒྱུ་རེད།
2018.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་ཉི་ཤུའི་ཉིན་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཟླ་དགུ་བའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་པེ་ཅིན་ནས་འཚོགས་རྒྱུ་རེད། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི་མཉམ་ལས་མཉམ་རྒྱལ་དང་ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་པའི་ཚོགས་པ་སྔར་ལས་འཛུགས་སྐྲུན་བྱེད་ཅེས་པ་དེ་རེད། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་བྱེད་རྒྱུ་ཡིན་པར་མ་ཟད་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཕྱོགས་ཀྱི་ཁོངས་གཏོགས་འགོ་ཁྲིད་པ་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། ཨ་ཧྥེ་རི་ཁ་ས་ཁུལ་རྩ་འཛུགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འབྲེལ་ཡོད་འཐུས་མི་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་རེད།