ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཡུས་ཧྲུའུ་ཁུལ་དུ་རྟོག་ཞིབ་བྱས།
2018.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བདུན་ཉིན་བར།    ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་དང་རྫ་སྟོད་རྫོང་།  འབྲི་སྟོད་རྫོང་།  ཆུ་དམར་ལེབ་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་དུ་ཟབ་ཞུགས་བྱས་ཏེ་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས།   ཁོ་མོས་ནན་གྱིས་བསྟན་དོན།   སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་སྤྱི་ཚོགས་ཕན་ནུས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད།  རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་གནས་སྟངས་སྲུང་སྐྱོབ་ཚོད་ལྟ་ཁུལ་གསར་འཛུགས་བྱས་ཏེ་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་ཕན་ནུས་མཐོར་འེདགས་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ལིས་ས་ཁུལ་ཞིག་ཏུ་ཐོན་མ་ཐག   རིག་གནས་ཁེ་ལས་ཐད་ཀྱི་གཞི་ཁྱོན་དང་ཕན་ནུས།  འཁོར་སྐྱོད་རྣམ་པ། གཞི་རིམ་རིག་གནས་འཛུགས་སྐྲུན།   རིག་དངོས་བདེ་འཇགས་སྲུང་སྐྱོབ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།  མོས་བསྟན་དོན།   རིག་གནས་ཀྱིས་མང་ཚོགས་ལ་སྐུལ་མ་གཏོང་བ་དང་མང་ཚོགས་ལ་ཕན་བདེ་བསྐྲུན་པ། མང་ཚོགས་ཕྱུག་སྒྱུར་བྱེད་པར་དམིགས་ནས།  རང་ས་ཁུལ་གྱི་རིག་གནས་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ཏེ་ཁྱད་ལྡན་རིག་གནས་ཐོན་ལས་གསོ་སྐྱོང་བཟང་བོ་བྱེད་དགོས་པ་དང་།  ཤུགས་ཆེན་པོས་ཁུལ་གཅིག་ལ་ཐོན་ལས་སྣ་མང་དང་རྫོང་གཅིག་ལ་ཁྱད་ལྡན་རིག་གནས་ཐོན་ལས་མིང་གྲགས་ཅན་གཅིག་འཛུགས་སྐྲུན་བྱེད་དགོས།   རིག་གནས་དང་ཡུལ་སྐོར།  ཞིང་ཕྱུགས།  ལུས་རྩལ།   རྒྱང་སྒྲོག  དངུལ་རྩ།   ཚན་རྩལ།   སྐྱེ་ཁམས་བཅས་མཉམ་བསྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་དགོས་པ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས།   ཁེ་ལས་དང་མཉམ་ལས་ཁང་།  རོང་འབྲོག་ཁྱིམ་ཚང་བཅས་མཉམ་བསྲེས་བྱེད་པའི་རིག་གནས་ཐོན་ལས་འཁོར་སྐྱོད་རྣམ་པ་འཕེལ་རྒྱས་བཏང་སྟེ་གསར་སྐྲུན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་དང་།  ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་ལ་ཤུགས་བསྣན་ནས་ཁེ་ལས་ཀྱི་ཕན་ནུས་མཐོར་འདེགས་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བ་མངོན་འགྱུར་བྱེད་དགོས།   ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་དང་རིག་གནས་ཤེས་ལྡན་མི་སྣའི་སྣེ་ཁྲིད་དེ་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ཁྱབ་སྤེལ་གཏོང་བ་དང་།   རིག་གནས་ཐོན་ལས་ཐད་ཀྱི་རིགས་སོ་སོའི་མཐུན་ཚོགས་དང་མཉམ་ལས་ཁང་འཕེལ་རྒྱས་བཏང་སྟེ་རིག་གནས་ཐོན་ལས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།   གཞི་རིམ་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གཞི་རིམ་རིག་གནས་དཔུང་སྡེ་གསོ་སྐྱོང་བྱེད་དགོས་པ་དང་། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པར་མ་ཟད།   རིག་གནས་ཡིད་ཆེས་མཐོར་འདེགས་དང་གཞི་རིམ་རིག་གནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  རིག་དངོས་སྲུང་སྐྱོད་ཤུགས་ཚད་ཆེ་རུ་བཏང་སྟེ་རིག་གནས་བདེ་འཇགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་དང་རིག་དངོས་བདེ་འཇགས་ཚད་མཐའ་དམ་སྲུང་བྱེད་དགོས་ཟེར།