ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིས་ཨར་ལ་མཇལ་འཕྲད་གནང་།
2018.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

 ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིས་ཨར་ལ་མཇལ་འཕྲད་གནང་།

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིས་ཨར་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་གལ་ཆེན་དུ་གནས་ཡོད། ཀྲུང་གོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། མ་ལེ་ཞི་ཡས་མ་ལེ་ཞི་ཡ་གསར་བ་འཛུགས་སྐྲུན་བྱེད་འགོ་བརྩམས། ཙུང་ལི་ལགས་ཀྱིས་ལོ་མང་པོའི་རིང་ལ་ཨེ་ཤ་ཡའི་རིན་ཐང་ལྟ་བ་དར་སྤེལ་བྱས་ཤིང་རང་བཙན་རང་བདག་གི་འདོད་ཚུལ་བཏོན་པ་དང་ཧུར་ཐག་སྒོས་ཨེ་ཤ་ཡ་ཤར་མའི་མཉམ་ལས་ལག་བསྟར་བྱས་པར་མ་ཟད། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས། ཀྲུང་གོ་དང་མ་ལེ་ཞི་ཡས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དང་མཉམ་ལས་ཀྱི་གྲོགས་པོར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་ནས། ཨེ་ཤ་ཡ་དར་སྤེལ་དང་འཛམ་གླིང་ཡོངས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

མ་ཧ་ཏིས་ཨར་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་གཞི་ནི་ས་གནས་ཀྱི་འབྲེལ་འདྲིས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་ས་གནས་ཀྱི་རྒྱལ་ཁབ་ཡོད་ཚད་ལ་ཁེ་ཕན་ཐོབ་ངེས་ཡིན། མ་ལེ་ཞི་ཡས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད་ཧུར་ཐག་སྒོས་དེའི་ཁྲོད་དུ་ཞུགས་འདོད་ཡོད། མ་ལེ་ཞི་ཡ་དང་ཀྲུང་གོས་ཨེ་ཤ་ཡའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་རང་རྒྱལ་གྱི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ང་ཚོ་རང་ཉིད་དང་ས་གནས་ཀྱི་ཁེ་ཕན་དང་མཐུན་པ་ཡིན་ཟེར།