ཐིན་ཅཱ་ཚེ་ཡིས་ཀོས་ནན་རྫོང་དུ་རྟོག་ཞིབ་བྱས།
2018.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚེ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་རྫོང་ཏང་ཨུ་དང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་བཞུགས་མོལ་བྱེད་པ་དང་མི་རེ་རེ་བྱས་ནས་གླེང་མོལ་བྱེད་པ།   ཞིང་སྡེར་བསྐྱོད་པ།   ཐོན་ལས་དབུལ་སྐྱོར་ལས་གཞིར་ཡུལ་དངོས་ནས་ལྟ་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཆབ་སྲིད་གནས་སྟངས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ཐིན་ཅཱ་ཚེ་ཡིས་ཀོས་ནན་རྫོང་གིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་མཉམ་དུ།   རྗེས་ཕྱོགས་ཀྱི་བྱ་བའི་ཐད་ནས་བླང་བྱ་བཏོན།  ཁོས་བསྟན་དོན།  གཙོ་གཞིའི་འགན་འཁྲི་དམ་འཛིན་བྱེད་དགོས།  རྫོང་ཏང་ཨུའི་ཧྲུའུ་ཅིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་སྣེ་ཁྲིད་བྱས་ཏེ་ཁྲིམས་འགན་ལུགས་འགལ་གྱི་གནད་དོན་རྩད་ཆོད་ནན་མོ་བྱེད་དགོས།  རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ལས་རྐང་གཅིག་ལ་འགན་འཁྲི་གཉིས་ཡོད་པའི་ལས་འགན་ལག་བསྟར་བཟང་བོ་བྱས་ཏེ་ལས་སྒོ་དམ་འཛིན་བྱེད་དགོས་པར་མ་ཟད།   ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བཟང་བོ་བྱེད་དགོས་པ་དང་།   ཁུལ་དང་རྫོང་གི་སྐོར་ཞིབ་བྱ་བར་སྐུལ་འདེད་གཏོང་དགོས།   ཁྱབ་ཁོངས་གཙོ་བོ་དང་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་སྐབས་བསྟུན་རྣམ་པའི་སྐོར་ཞིབ་བྱ་བ་སྤེལ་དགོས་པ་དང་།  རིམ་སྤོར་སྐོར་ཞིབ་དང་མཉམ་བསྲེས་སྐོར་ཞིབ་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས།   གཅིག་གྱུར་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་དགོས།  རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ཚན་ཆུང་བྱ་བའི་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས་པ་དང་།   རྩིས་བཤེར་དང་ཁྲལ་དོན།  སྲིད་ཁྲིམས་སོགས་ཆེད་ལས་སྟོབས་ཤུགས་ནུས་ཡོད་སྒོས་བཀོལ་སྤྱོད་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ལས་དོན་ཇེ་དྲག་ཏུ་གཏོང་དགོས།   ལྟ་སྐུལ་ལས་འགན་དང་པོར་བརྩིས་ཏེ་ལས་བྱེད་པའི་སྟེང་མངོན་པའི་གནད་དོན་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་ཐག་གཅོད་བྱེད་དགོས།   བརྟག་དཔྱད་ཞིབ་བཤེར་བྱ་བ་གཙོ་བོར་བརྩིས་ཏེ་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་གྱི་སྤྱོད་ཚུལ་ཐག་གཅོད་ནན་མོ་བྱེད་དགོས་ཟེར།