ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་གོ་ཝང་ལ་མཇལ་འཕྲད་གནང་།
2018.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 136

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་གོ་ཝང་ལ་མཇལ་འཕྲད་གནང་།

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་གོ་ཝང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་ལོན་པའི་ལོ་ཡིན། ལོ་བཅུའི་རིང་ལ། ཀྲུང་གོ་དང་ཡོ་ནན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་བཏོན་པ་དང་མི་དམངས་བདེ་སྐྱིད་ཡོང་བར་སྐུལ་འདེད་བཏང་བར་མ་ཟད། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་གོང་འཕེལ་དུ་གཏོང་བ་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པར་མ་ཟད། ཡོ་ནན་ཕྱོགས་དང་མཉམ་དུ་ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་དང་བཟང་བ་བཞིའི་སྙིང་སྟོབས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་དང་ཡོ་ནན་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་དུ་མདུན་སྐྱོད་ཆེན་པོ་བྱེད་འདོད་ཡོད་ཟེར།

ཁྲིན་གོ་ཝང་གིས་བཤད་རྒྱུར། ཡོ་ནན་དང་ཀྲུང་གོ་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་དངོས་སུ་འགོ་ཁྲིད་བྱས་འོག ཡོ་ནན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཡོ་ནན་ཕྱོགས་ཀྱིས་ཡོ་ནན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བཤེས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཀྲུང་གོ་ཏང་དང་སྲིད་གཞུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཡོ་ནན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།