མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ཡིས་སྤྱི་སྡོམ་ཚོགས་འདུ་བསྡུས།
2018.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ9བའི་ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ཡིས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཀྲང་ཀོང་རོང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་བདེ་བླག་ངང་བསྡུས་པ་དང་། འདེམ་བསྐོའི་ལས་འགན་གལ་ཆེན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དེ་འཐུས་མི་ཡོངས་ཀྱི་རང་འགན་རང་སྒྲུབ་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ཚན་ཆུང་སོ་སོའི་ཞབས་ཞུའི་འགན་སྲུང་དང་ཡང་འབྲལ་ཐབས་མེད་དེ། གཅིག་ནི་ཆབ་སྲིད་གླེང་བ་དང་མཐོང་ཆེན་བྱས་ནས་ངེས་པ་དོན་གྱིས་བྱ་བ་འདི་ཆབ་སྲིད་ལས་འགན་དང་ཆབ་སྲིད་འགན་འཁྲི་གལ་ཆེན་དུ་བརྩིས་པས། ཚད་མཐོན་པོའི་ཆབ་སྲིད་རང་འགུལ་མཚོན་པར་བྱས་ཡོད། གཉིས་ནི་འགན་ཁུར་ཡོད་པ་དང་ཁག་ཁུར་ཡོད་པ། ཞིབ་ཕྲའི་གཙོ་གནད་ལ་དོ་སྣང་བྱེད་པ། གནས་ཐིག་གཏན་འཁེལ་ཡང་དག་བྱེད་པ། འགན་འཁྲི་གསལ་བོ་བྱེད་པ། ལྷག་པར་དུ་འགན་སྲུང་སྟོབས་ལྡན་དང་ཞིབ་ཕྲ་གནད་དུ་འཁེལ་བས། འཐུས་མི་རྣམས་ལ་གཟི་རྔམ་དང་སྙན་གྲགས་ཡོད་པའི་ཚོར་བ་སྐྱེས་སུ་བཅུག  གསུམ་ནི་མཐུན་སྦྱོར་ལེགས་པོ་བྱེད་པ་དང་མཉམ་ལས་དམ་པོ་བྱེད་པ། བཀོད་འདོམས་བཀོད་གཏོང་གཅིག་གྱུར་བྱེད་པ། ཚིགས་མཚམས་སོ་སོ་སྦྲེལ་མཐུད་དམ་པོ་བྱས་ནས་འགྲིག་སྐོར་གཅིག་ལྟ་བུ་གྲུབ་པར་བྱས་ཟེར།

ཀྲང་ཀོང་རོང་གིས་མགོ་ཡོད་མཇུག་ཡོད་དང་སྤྱི་སྡོམ་མཐོར་འདེགས་བྱས་ཏེ། འགུལ་སྐྱོད་ལ་གྲུབ་འབྲས་ཡོད་པའི་བྱེད་ཐབས་དང་སྲ་སྒྱུར་བྱེད་དགོས་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ལས་སྒྲུབ་ཚོགས་པའི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས། ནན་ཏན་དང་དུས་ཐོག་ཏུ་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་གོ་རིམ་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས་ལ། ཚད་མཐོ་བའི་རང་རྟོགས་ཆགས་པར་བྱས་ནས་ཚད་ལྡན་ལམ་ལུགས་གྲུབ་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན།