མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་གྱིས་སྣེ་ཁྲིད་པའི་རྟོག་ཞིབ་རུ་ཁག་གིས་ནུས་ཁུངས་གསར་བའི་འཛུགས་སྐྲུན་གྱི་ཆེད་དམིགས་དངོས་འབེབ་ལ་སྐུལ་འདེད་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།
2018.09.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་གྱིས་སྣེ་ཁྲིད་པའི་རྟོག་ཞིབ་རུ་ཁག་ཞིང་ཆེན་གློག་ཤུགས་ཀུང་ཟི་དང་། རྨ་ཆུ་ཆུ་གློག་ཀུང་ཟི་སོགས་སུ་སོང་ནས་ནུས་ཁུངས་གསར་བའི་འཛུགས་སྐྲུན་གྱི་ཆེད་དམིགས་དངོས་འབེབ་ལ་སྐུལ་འདེད་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཀྱི་དུས་སྐབས་སུ། ཝུའུ་ཧེ་ཁུན་གྱིས་ཡུལ་དངོས་ནས་མཚོ་སྔོན་ནུས་ཁུངས་གསར་བའི་གཞི་གྲངས་ཆེན་མོའི་གསར་སྐྲུན་ར་བའི་ནུས་ཁུངས་གཙང་སེལ་གྱི་གཞི་གྲངས་ཆེན་མོའི་ལྟེ་བ་དང་། རྨ་ཆུ་ཆུ་གློག་ཀུང་ཟི་འོད་འགྱེད་ཐོན་ལས་ལག་རྩལ་གསར་སྐྲུན་ལྟེ་བ། འོད་འགྱེད་ཐོན་ལས་ལག་རྩལ་གསར་སྐྲུན་ཚོད་ལྟ་ཁང་སོགས་སུ་ལྟ་ཞིབ་བྱས་པར་མ་ཟད། རྨ་ཆུའི་སྐས་རྒྱུད་དུ་ཆགས་པའི་གློག་ཤུགས་ས་ཚིགས་ཀྱི་གསོག་ནུས་ཆེན་པོའི་ལས་གཞིའི་སྐུལ་སློང་རུ་ཁག་ལ་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཝུའུ་ཧེ་ཁུན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་གནད་དོན་དང་དཀའ་ངལ་ལ་ཁ་གཏད་ནས། དངོས་འབེབ་དང་ཞབས་ཞུ་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་བ་རེད། ཐེངས་འདིའི་རྟོག་ཞིབ་ནི་དངོས་འབེབ་བྱ་འགུལ་གྱི་རེ་བའི་ཞིབ་ཕྲའི་བྱེད་ཐབས་ཡིན་ལ། མཚོ་སྔོན་གྱི་ནུས་ཁུངས་གསར་བའི་དཔར་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་བཀོད་སྒྲིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནུས་ཁུངས་ཅུའུ། ཞིང་ཆེན་གློག་ཤུགས་ཀུང་ཟི། རྨ་ཆུ་ཀུང་ཟི་སོགས་སྡེ་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་སྒྱུར་བྱས་ནས། འཕེལ་རྒྱས་རྣམ་པ་གསར་སྐྲུན་དང་། རང་ཞིང་གི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཕྱོགས་ནས་བྱ་བ་འབོར་ཆེན་བསྒྲུབས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ན་ཡོད་པའི་གློག་ཤུགས་ས་ཚིགས་གསོག་ནུས་ཆེན་པོའི་ལས་གཞིའི་རྣམ་གྲངས་ལ་ཚད་མཐོན་པོས་གདེང་འཇོག་བྱེད་ཀྱིན་ཡོད་ལ། འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་སྦྲེལ་མཐུད་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། དུས་མཉམ་དུ་ལས་གཞིའི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁུར་ལས་བགོས་གསལ་ཐག་ཆོད་པ། བྱ་བའི་མྱུར་ཚད་ལ་ཤུགས་སྣོན་པ། ལས་གཞིའི་དངོས་འབེབ་ལ་མཉམ་དུ་ཤུགས་སྣོན་པ་བཅས་བྱས་ནས། རང་ཞིང་གི་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་གལ་ཆེ་བའི་ནུས་ཁུངས་གསར་བའི་ཐོན་ལས་རྟེན་གཞི་རུ་འགྱུར་བར་ཧུར་ཐག་གིས་བྱས་རྗེས་འཇོག་དགོས་ཟེར།

ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནུས་ཁུངས་གསར་བའི་ཅུའུ་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་རྟོག་ཞིབ་ལ་ཞུགས།