ཀྲུང་གོ་བོད་ཀྱི་རིག་གནས་བརྗེ་རེས་ཚོགས་པས་འཇར་པན་དང་མོང་གོལ། ཧན་གོ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས།
2018.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མངགས་པའི་ཀྲུང་གོ་བོད་ཀྱི་རིག་གནས་བརྗེ་རེས་ཚོགས་པས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་ནས་ཚེས་ཉི་ཤུ་ཉིན་བར་འཇར་པན་དང་མོང་གོལ། ཧན་གོ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས་བརྗེ་རེས་ཚོགས་པས་ས་གནས་ཀྱི་ཆབ་སྲིད་ལས་རིགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆེད་མཁས་པ། སྨྱན་བྱད་གཙོ་བོ་སོགས་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས་པ་དང་ཀྲུང་གོའི་བོད་ལྗོངས་དང་ཡུན་ནན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གནས་ཚུལ། དེ་མིན་ཀྲུང་གོས་བོད་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་སྤྱད་པའི་སྲིད་ཇུས་དང་བྱེད་ཐབས་སོགས་མཚམས་སྦྱོར་བྱས་ཏེ། ས་གནས་ལས་རིགས་སོ་སོས་ཀྲུང་གོའི་བོད་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱེད་པར་ནུས་པ་ཆེན་པོ་བཏོན།