ཧན་ཀྲིན་གྱིས་ཁྲིན་ཏུའུ་ཡི་བྱ་བར་རྟོག་ཞིབ་མཛད།
2018.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་བཅུ་བའི་ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཁྲིན་ཏུའུ་ཡི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཕེལ་རྒྱས་སུ་གཏོང་བ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་ཁེ་ལས་ཚན་རྩལ་གསར་གཏོད་སོགས་གནས་ཚུལ་ཐད་ནས་རྟོག་ཞིབ་མཛད།

ཟླ་བཅུ་བའི་ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཁྲིན་ཏུའུ་ཡི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཕེལ་རྒྱས་སུ་གཏོང་བ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་ཁེ་ལས་ཚན་རྩལ་གསར་གཏོད་སོགས་གནས་ཚུལ་ཐད་ནས་རྟོག་ཞིབ་མཛད།

ཧན་ཀྲིན་ཀྲུང་གོ་སི་ཁྲོན་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་ཆིན་པད་ཅང་ལྕགས་ལམ་གྲུ་ཁ་ས་ཁུལ་དུ་སོང་ནས། ཁྲིན་ཏུའུ་ནས་ཡོ་རོབ་གླིང་བར་གྱི་ལྕགས་ལམ་དང་དྲ་རྒྱའི་གྲུབ་ཚུལ་གནས་ཚུལ་ཐད་ནས་རྒྱུས་ལོན་བྱས། ཁོང་གིས་ནན་གྱིས་བསྟན་དོན། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་གསར་བའི་འོག བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་རྒྱ་སྐྱེད་པའི་འཐབ་ཇུས་བྱེད་ཐབས་ཡིན་པས། ལམ་ལུགས་གསར་གཏོད་ལ་དམ་འཛིན་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཐད་ཞབས་འདེགས་ཞུ་བ། ནུབ་རྒྱུད་ས་ཁུལ་གྱི་སྐམ་མཚོ་ལམ་ཆེན་འཛུགས་སྐྲུན་བྱེད་པ། ཁྲིན་ཏུའུ་ནས་ཡོ་རོབ་གླིང་གི་འགག་རྩའི་ལྕགས་ལམ་འཛུགས་པ། མཉམ་འབྲེལ་མཉམ་མཐུད་མངོན་འགྱུར་བྱེད་པ། ནུབ་རྒྱུད་གསར་སྤེལ་གྱི་སྒོ་འབྱེད་ཆུ་ཚད་མཐོར་འདེགས་བཏང་སྟེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར།

ཐེན་ཧྥུའུ་ཁུལ་གསར་འཆར་འགོད་ཚོམས་ཆེན་དུ། ཧན་ཀྲིན་གྱིས་འཆར་འགོད་བྱེ་གཞོང་ལ་བལྟས་ནས། ཁྲིན་ཏུའུ་ཡི་ཁོངས་ཡོངས་བར་སྟོང་གྱི་འཆར་འགོད་ཐད་ནས་རྒྱུས་ལོན་བྱས་པ་དང་། སི་ཁྲོན་ཁྲོན་ཏཱ་ཀྲི་ཧྲིན་མཉེན་ཆས་མ་རྐང་ཚད་ཡོད་ཀུང་ཟི་རུ། མཐོ་གསར་ཚན་རྩལ་དམངས་གཉེར་ཁེ་ལས་ཚན་རྩལ་ལས་གཞི་ཆེན་པོ་ཁྲོད་ཞུགས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།

དེའི་རྗེས་ཧན་ཀྲིན་ཀྲུང་གོའི་ཡོ་རོབ་གླིང་ལྟེ་གནས་སུ་ཕེབས་ནས། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་སྟེགས་བུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོང་གིས་གསུང་རྒྱུར། ནུབ་རྒྱུད་ས་ཁུལ་གྱི་གནས་ཡུལ་གྱི་ཁྱད་ཆོས་ལ་གཞིགས་ནས་ཕྱི་ཕྱོགས་སྒོ་འབྱེད་སྤེལ་ནས། སྐམ་སའི་དབུས་ཁུལ་གྱི་སྒོ་འབྱེད་དཔལ་འབྱོར་གྱི་མཐོ་ས་སྐྲུན་དགོས་ཟེར།

ཧན་ཀྲིན་གྱིས་ད་དུང་ཁྲིན་ཏུའུ་ཅིན་ཏུང་འོད་གློག་ཚན་རྩལ་ཚད་ཡོད་ཀུང་ཟི་ལ་ལྟ་ཞིབ་བྱས་ནས། ཁེ་ལས་ཀྱི་འཕེལ་རྒྱས་དང་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ། ཚོང་རའི་ཉོ་ཚོང་། ཕྱི་ཕྱོགས་ཁོར་ཡུག་གྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ཧི་ལིས་ཧྥེང་འབྲེལ་ཡོད་བྱ་འགུལ་ལ་ཞུགས།