ལིས་ཀྲན་ཧྲུའུ་ཡིས་ཡོ་ནན་གུང་ཁྲན་ཏང་ཆབ་སྲིད་ཅུའི་ཨུ་ཡོན། སྤྱི་བདེ་པུའུ་ཀྲང་སུའུ་ལེན་ལ་མཇལ་འཕྲད་གནང་།
2018.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཡོ་ནན་སྤྱི་བདེ་པུའུ་ཡི་པུའུ་ཀྲང་སུའུ་ལེན་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཡོ་ནན་གྱི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ལོ་གཅིག་གི་ནང་ཐེངས་གཉིས་ལ་ལོ་རྒྱུས་རང་བཞིན་གྱི་ཕན་ཚུན་འཚམས་འདྲི་བྱེད་པ་མངོན་འགྱུར་བྱས་པ་དེས།  འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་བའི་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་རེད། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཏང་དང་སྲིད་གཞུང་དང་མཉམ་དུ་ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་དང་བཟང་བ་བཞི་ཡི་སྙིང་སྟོབས་ལྟར། གོམ་གང་མདུན་སྤོས་ཀྱིས་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་རྒྱུད་འཛིན་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་འཛུགས་བྱེད་པར་ཡིད་འཐད་ཡོད།  རེ་བ་ནི་ཕྱོགས་གཉིས་ཀྱི་སྤྱི་བདེ་སྡེ་ཁག་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ལྟ་ཚུལ་དོན་འཁྱོལ་ལག་བསྟར་བྱེད་དགོས་པ་དང་། འཆར་འགོད་ཞིབ་ཚགས་དང་དངོས་གཉེར་ཡར་སྐུལ་གྱིས་ཕྱོགས་གཉིས་ཀྱི་ཁྲིམས་སྐྱོང་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ཏེ།  ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འགེབ་སྲུང་སྣེ་ཁྲིད་བྱས་ནས་ཏང་གཉིས་ཀྱི་སྲིད་སྐྱོང་གོ་གནས་བརྟན་སྲུང་དང་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

སུའུ་ལེན་གྱིས་ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གལ་ཆེན་གནང་བར་མ་ཟད།  ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་སྐྱོང་བདེ་འཇགས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཀྲའོ་ཁི་ཀྲི་མཇལ་འཕྲད་ལ་ཞུགས།