སྤེལ་དུས།2018.10.12 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་གསར་འགྱུར་སློབ་ཚོགས་ཀྱི། སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྟེན་འབྲེལ་ཤིས་ཚིག་བསྐུར་བ་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཧུའུ་ཞའོ་ཧན་ཚོགས་ཐོག་ཏུ་ཕེབས་ནས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་ཤིས་ཚིག་ཁྲོད་དུ་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་འདུ་བདེ་ལེགས་ངང་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས། ཤིས་ཚིག་ལས་བསྟན་དོན། དུས་ཡུན་རིང་བོར། ཞིང་ཆེན་གསར་འགྱུར་བྱ་བ་སྒྲུབ་མཁན་མཐུན་ཚོགས་དང་གསར་འགྱུར་སློབ་ཚོགས་ཀྱིས་སྲོག་ཤིང་དཀྱིལ་སྙིང་དུ་འཛིན་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དབྱངས་རྟ་གཙོ་བོ་ངག་ལ་གྱེར་བ། དྲང་ཕྱོགས་ཀྱི་ནུས་ཚད་གསོག་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལས་དོན་ལ་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་པར་མ་ཟད། དེ་བསྟུན་གྱི་བྱས་རྗེས་ཀྱང་གང་ལ་གང་འཚམ་བཞག་ཡོད་པར་བརྟེན། གསར་འགྱུར་ལས་བཟོ་བ་ཡོངས་ལ་ལྷག་བསམ་དག་པའི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན་ཟེར།

ཧུའུ་ཞའོ་ཧན་གྱིས་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་འབུལ་སྐབས་བསྟན་དོན། རེ་བ་ཡིན་ན་མཚོ་སྔོན་གྱི་རབས་གསར་བའི་ལས་འཛིན་ལྷན་ཚོགས་ཀྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དྲིལ་སྒྲོག་གང་ལེགས་བྱས་ཏེ། ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་གླེང་བརྗོད་དགོངས་དོན་གལ་ཆེན་ལ་གོ་བ་མ་ནོར་བ་ལེན་ཐུབ་དགོས་ཤིང་། འོས་འགན་ཡིད་ལ་དམ་པོར་ཉར་བ་དང་ཧུར་བརྩོན་ཆེན་པོས་བཅོས་སྒྱུར་གསར་གཏོད་བྱེད་པ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་བྱ་བ་བསྒྲུབ་མཁན་རྣམས་ཀྱི་འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རང་རྟོགས་སྒོས་རང་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བར་མཐུན་སྒྲིལ་སྣེ་འདོམས་བྱེད་དགོས། དེ་མིན་ད་དུང་ཧུར་བརྩོན་ཆེན་པོས་ཁ་ཕྱོགས་བཞི་དང་བྱེད་ཕྱོགས་བཞིའི་བླང་བྱ་ལག་ལེན་ལ་བསྟར་བ་བརྒྱུད། བར་མ་ཆད་པའི་སྒོ་ནས་གསར་འགྱུར་གླེང་ཕྱོགས་ཀྱི་དྲིལ་སྒྲོག་བྱེད་ཤུགས་དང་སྣེ་འདོམས་བྱེད་ཤུགས། ཤུགས་རྐྱེན། ཡིད་རྟོན་གྱི་ཚད་བཅས་སྔར་ལས་ཇེ་མཐོར་བཏང་མཐར། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་བྱས་རྗེས་གསར་བ་དང་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲང་ཞི་མེན་གྱིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ངེས་པར་དུ་ནན་ཏན་ཆེན་པོས་བློ་མཐུན་ཝང་ཅན་ཅུན་དང་བློ་མཐུན་ཧུའུ་ཞའོ་ཧན་གཉིས་ཀྱི་རེ་བཅོལ་ཟབ་མོ་དང་བྱ་བའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་ནས། ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་གི་གསུངས་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་འབུར་དུ་ཐོན་པར་བྱེད་པ་དང་། ཞེ་སེམས་གཙང་མའི་སྒོ་ནས་གསར་འགྱུར་གླེང་ཕྱོགས་བྱ་བའི་འོས་འགན་ལག་ལེན་ལ་བསྟར་བ། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ཡང་དག་པའི་གསར་འགྱུར་གླེང་ཕྱོགས་ཀྱི་ཁ་ཕྱོགས་ལ་བརྟེན་ནས་མི་སེམས་གོང་བུ་གཅིག་ཏུ་འགྲིལ་བར་བྱེད་པ། ཆབ་སྲིད་ཀྱི་འོས་འགན་ཇེ་དྲག་ཏུ་གཏོང་བ། གསར་འགྱུར་བྱ་བ་བསྒྲུབ་མཁན་གྱི་ཤུགས་འདོན་ས་བཞི་སྔར་ལས་ཇེ་མཐོར་གཏོང་བ་བཅས་ལ་འབད་མཐར། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་གསར་འགྱུར་གླེང་ཕྱོགས་སྟོབས་དང་ལྡན་པ་ཞིག་དང་དྲང་ཕྱོགས་ཀྱི་ནུས་ཚད་འཛོམས་པོ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་ལས་འདེམ་བསྐོ་བརྒྱུད་དེ་བློ་མཐུན་ལིག་ཝེ་མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་བ་བསྒྲུབ་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། བློ་མཐུན་ཧུའུ་ཝེ་ཀྲུང་དང་ཀྲིག་ཞན་ཨན། ཧྲིན་ཧུང་ཞུན། ཝུའུ་ཞྭ། ཅང་ཧྲི་ཆང་། ཧི་ཚུང་། ལིས་ཀྲི་ཞུང་། ཝང་ཞྭ། ཝང་ཙུང་ཧུང་། ཝང་ཧའེ་ཡུང་། ཞུའུ་ཚོན་ཧྲིན་བཅས་ཀྲུའུ་ཞི་གཞོན་པར་བདམས། ཉིས་ཡུའུ་ཕིན་ཡོན་དྲུང་ཡིག་ཆེན་མོར་བསྐོས། ལིས་ཀྲི་ཞུང་གིས་མཚོ་སྔོན་ཞིང་ཆེན་གསར་འགྱུར་སློབ་ཚོགས་ཀྱི་ཀྲུའུ་ཞིའི་འོས་འགན་གཅིག་ལྕོགས་སུ་བཞེས།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།