སྤེལ་དུས།2018.10.12 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལ་སུའུ་ཨར་ཙོ་ཏ་དང་ཧོ་ལན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལོས་ཐི། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི། པི་ལི་ཧྲི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་མུས་ཞེ་ཨར་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་གཅིག་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཅིན་ནས་ཐ་ཅི་ཁི་སི་ཐན་ལ་ཕེབས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་རྒྱུ་ཡིན་པར་མ་ཟད་ཐ་ཅི་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་དང་ཧོ་ལན་རྒྱལ་ཁབ་ལའང་འཚམས་འདྲི་མཛད་རྒྱུ་ཡིན་ལ། དེ་མིན་པི་ལི་ཧྲི་ལ་ཕེབས་ནས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་པི་ལི་ཧྲི་ལ་བྱ་བའི་འཚམས་འདྲི་མཛད་རྒྱུ་རེད།

ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧོང་དང་རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་སོགས་ཙུང་ལི་ལིས་ཁི་ཆང་དང་ལྷན་དུ་གོང་གི་རྒྱལ་ཁབ་དེ་དག་ལ་སོང་།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།