མཚོ་སྔོན་མི་རིགས་སློབ་ཆེན་ནས་མི་རིགས་རིག་པའི་འབུམ་རམས་པའི་བསླབ་གནས་བཙུགས་པ་དང་རིག་ཚན་རྩེ་གྲས་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གླེང་སྟེགས་ཟི་ལིང་ནས་བསྡུས།
2018.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་མི་རིགས་སློབ་ཆེན་ནས་མི་རིགས་རིག་པའི་འབུམ་རམས་པའི་བསླབ་གནས་བཙུགས་པ་དང་རིག་ཚན་རྩེ་གྲས་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གླེང་སྟེགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་བརྒྱུད་སྒྲོག་མཐར་ཕྱིན་བྱེད་པ་དང་། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། མཚོ་སྔོན་ནས་རྐང་ཚུགས་པར་བྱེད་པ་དང་ཁྱད་ལྡན་དགེ་མཚན་འབུར་དུ་ཐོན་པར་བྱས་ནས། ཧུར་བརྩོན་ཆེན་པོས་མི་རིགས་སློབ་ཆེན་རྩེ་གྲས་འཛུགས་པར་འབད་དགོས་ཟེར། རྒྱལ་ཡོངས་དམངས་ཆེན་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དོན་འགྲུབ་དབང་འབུམ་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། སྔོན་ཆད་ཀྱི་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་འཛིན་གཞོན་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་ཡང་་ཐེངས་འདིའི་ཚོགས་འདུར་ཞུགས།