ལིས་ཁི་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་ཧོ་ལན་གྱི་མཐོ་གསར་ལག་རྩལ་འགྲེམ་སྟོན་ལ་གཟིགས་པར་མ་ཟད་ཁེ་ལས་པའི་སྒོར་ཅོག་གྲོས་ཚོགས་ལ་ཞུགས།
2018.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ས་དེའི་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ཡ་གྲོང་ཁྱེར་རྟེན་མཛོད་ཁང་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་ཧོ་ལན་གྱི་མཐོ་གསར་ལག་རྩལ་འགྲེམ་སྟོན་ལ་གཟིགས་པར་མ་ཟད་ཁེ་ལས་པའི་བཞུགས་མོལ་བརྗེ་རེས་ལ་ཞུགས།

ས་དེའི་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ཡ་གྲོང་ཁྱེར་རྟེན་མཛོད་ཁང་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་ཧོ་ལན་གྱི་མཐོ་གསར་ལག་རྩལ་འགྲེམ་སྟོན་ལ་གཟིགས་པར་མ་ཟད་ཁེ་ལས་པའི་བཞུགས་མོལ་བརྗེ་རེས་ལ་ཞུགས།

རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་གཟིགས་སྐོར་མཛད་སྐབས་ཧོ་ལོན་གྱི་ཁེ་ལས་སྐོར་ཞིག་གི་འགན་ཁུར་པས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན།

མཐོ་གསར་ལག་རྩལ་གྱི་འགྲེམ་སྟོན་ལ་གཟིགས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཧོ་ལན་གྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་མཛད།

ཚོགས་འདུར་ཞུགས་པའི་ཁེ་ལས་པ་རྣམས་ཀྱིས་བསྟན་དོན། འདས་པའི་ལོ་བཞི་བཅུའི་རིང་ལ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ལ། ཀྲུང་གོའི་སྒོ་འབྱེད་སྲིད་ཇུས་ཀྱི་ཕན་ཁེ་ལས་ཧོ་ལན་གྱི་ཁེ་ལས་ཀྲུང་གོར་སོང་ནས་དངུལ་གཏོང་མཉམ་ལས་བྱེད་པའི་ལས་དོན་ཡང་གོང་འཕེལ་ཆེན་པོ་བྱུང་ཡོད་ཟེར།

ཁེ་ལས་པ་རྣམས་ཀྱིས་གཏམ་བཤད་པར་ཉན་རྗེས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་མ་དངུལ་གཏོང་བར་ཡོང་བའི་གོ་སྐབས་སྔར་ལས་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། ཁྲོམ་རར་འཇུག་ཚད་ཇེ་ཡངས་སུ་གཏོང་རྒྱུ་ཡིན། ཀྲུང་གོ་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་དུ་སླེབས་ཡོད་ལ། ཀྲུང་གོ་དང་ཧོ་ལན་གྱི་གསར་གཏོད་མཉམ་ལས་ལ་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། ཧོ་ལན་གྱི་ཁེ་ལས་དག་གིས་དཀྱེལ་ཡངས་ཀྱི་རྣམ་འགྱུར་བཅངས་ནས་ཀྲུང་གོར་མཉམ་ལས་ཀྱི་གྲོགས་པོ་འཚོལ་བར་ཡོང་སྟེ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་ཟེར།

དེའི་རྗེས་སུ། ལིས་ཁི་ཆང་གིས་ལུའི་ཐེ་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་འབྲེལ་ཡོད་མཉམ་ལས་གྲོས་ཆོད་བཀོད་པར་བདེན་དཔང་བྱས།