ལིས་ཁི་ཆང་པུའུ་ལུའུ་སེར་རུ་ཐོན་ནས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་འགོ་གཙོའི་གྲོས་ཚོགས་སྐབས་བཅུ་གཉིས་པར་ཞུགས་རྒྱུ་ཡིན་པར་མ་ཟད་པི་ལི་ཧྲི་ལ་བྱ་བའི་འཚམས་འདྲི་མཛད་རྒྱུ་རེད།
2018.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ས་དེའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ལིས་ཁི་ཆང་གིས་ཧོ་ལན་གྱི་དངོས་གཞི་འཚམས་འདྲི་དངོས་སུ་མཇུག་རྫོགས་པ་དང་། ཧོ་ལན་དང་ཁ་འབྲལ་སྐབས། ཧོ་ལན་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་ཀྲུང་གོའི་ཧོ་ལན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་གནམ་དུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།

ས་དེའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི། པི་ལི་ཧྲི་རྒྱལ་བོ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་མིས་ཞེ་ཨར་བཅས་ཀྱིས་གདན་འདྲེན་ཞུས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུ་ལ་བསྡད་དེ་པུའུ་ལུའུ་སེར་གནམ་གྲུ་ཐང་དུ་ཐོན་ནས། ཨེ་ཤ་ཡ་དང་ཡོ་རོང་གླིང་གི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་མ་ཟད། པི་ལི་ཧྲི་ལ་བྱ་བའི་འཚམས་འདྲི་མཛད་རྒྱུ་རེད།

ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་དང་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྭི་ལིས་ཧྥེང་སོགས་མཉམ་དུ་གནམ་གྲུ་ཐང་ལ་ཐོན། པི་ལི་ཧྲི་སྲིད་གཞུང་གི་ནང་སྲིད་ཁོངས་མི་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས། ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཀྲུང་མིན་དང་ཀྲུང་གོའི་པི་ལི་ཧྲི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཚའོ་ཀྲུང་མིན་སོགས་ཀྱང་གནམ་གྲུ་ཐང་དུ་ཐོན་ནས་བསུ་མ་བྱས།