ཁོང་ཡུང་གིས་རྒན་གསོ་ཁང་གི་ལས་ཁུངས་དང་ལོ་ལོན་རྒན་པར་འཚམས་འདྲི་བྱས།
2018.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། དགུ་བའི་ཚེས་དགུའི་དུས་ཆེན་དང་རྒྱལ་ཡོངས་ཀྱི་ལོ་ལོན་རྒན་པའི་དུས་ཆེན་ཐེངས་དྲུག་པ་ཚེས་པའི་སྐབས་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རྒན་པ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ལོ་ལོན་རྒན་པའི་མཐུན་ཚོགས་དང་རྒན་གསོའི་ལས་ཁུངས་སུ་འཚམས་འདྲི་བྱས། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དུས་ཆེན་ལ་འཚམས་འདྲི་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ལོ་ལོན་རྒན་པ་ནི་སྤྱི་ཚོགས་ཀྱི་རྒྱུ་ནོམ་རྩ་ཆེན་ཡིན་ལ། ལོ་ལོན་རྒན་པའི་ལས་དོན་ནི་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་དོན་གལ་ཆེན་ཞིག་ཡིན། མིག་སྔར་རང་རྒྱལ་ནི་ལོ་ལོན་ཅན་གྱི་སྤྱི་ཚོགས་སུ་སླེབས་ཟིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་ལོན་རྒན་པའི་ལས་དོན་ལ་མཐོང་ཆེན་བླ་མེད་བྱས་ཏེ། ལོ་ལོན་རྒན་པའི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ནས། ལོ་ལོན་རྒན་པ་རྣམས་ཀྱིས་ཚེ་མཇུག་སྐྱིད་པོ་ཞིག་རོལ་བར་འགན་ལེན་ཁག་ཐེག་བྱས་ཏེ། ལོ་ལོན་རྒན་པ་རྣམས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།