ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས།
2018.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན།  ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས་པ་དང་།   གྲོང་ཁྱེར་དང་རྫོང་སོ་སོའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་སྲིད་གཞུང་ལས་བགོས་འགན་ཁུར་བློ་མཐུན།  སློབ་གསོ་ཅུའུ་ཀྲང་།  མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན།   སློབ་གྲྭ་འབྲིང་ཆུང་ཁ་ཤས་ཀྱི་སློབ་གཙོ།  རྐང་འཛིན་དགེ་རྒན་ཁ་ཤས་བཅས་གསོ་སྦྱོང་ལ་ཞུགས།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་གསོ་སྦྱོང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།  ཁོས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་ཡང་དག་བྱས་ཏེ་ཏང་གི་དུས་རབས་གསར་པའི་སློབ་གསོ་བྱ་བའི་དམིགས་འབེན་ལ་རྒྱུན་ལོན་གཏིང་ཟབ་བྱེད་པ་དང་།   ཚོགས་ཆེན་གྱི་དགོངས་དོན་ལྷག་ལུས་མེད་པར་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱིས་ཚན་རིག་ཁོངས་གཏོགས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོའི་རིག་གཞུང་མ་ལག་གྲུབ་པར་བྱས་ཡོད།  ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དེར་རྒྱུར་ལོན་ཡང་དག་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྲ་བརྟན་དུ་གཏོང་དགོས་པ་དང་།  བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་སྟེང་དུ་ལེན་དགོས་ཟེར།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་རྒྱུས་ལོན་ཡང་དག་བྱེད་དགོས་པ་དང་།   རྒྱུན་འཁྱོངས་དགུ་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ།   བྱ་བར་སྐུལ་འདེད་གཏོང་དགོས།   བློ་བརྟན་འགྱུར་མེད་སྒོས་ཏང་གི་སློབ་གསོ་བྱ་བའི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།  རྒྱ་ཆེའི་དགེ་སློབ་རྣམས་ཏང་གི་དར་ཆའི་འོག་གཅིག་བསྡུས་བྱེད་དགོས།   སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  འཕེལ་རྒྱས་ལ་འཆར་འགོད་དང་ནོར་སྲིད་དངུལ་གཏོང་སོགས་ཐད་ནས་སློབ་གསོའི་དགོས་མཁོ་སྔོན་ལ་བསྐོང་དགོས།   སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོ་དེང་རབས་ཅན་དུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ།   རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་གསར་པ་སྐོང་བ་བཅས་བྱས་ཏེ་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།