རྡོ་རྗེ་རབ་བརྟན་གྱིས་ཁྲི་ཀ་རྫོང་གི་བྱ་བར་རྟོག་ཞིབ་བྱས།
2018.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཁྲི་ཀ་རྫོང་དུ་སོང་ནས། གནད་དོན་ཐག་གཅོད་པ་དང་དཀའ་ངལ་སེལ་བ། དངོས་འབེབས་མཐའ་འཁྱོལ་བྱེད་པ། ཞབས་ཞུ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་དངོས་འབེབས་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། 

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཁྲི་ཀ་རྫོང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། མཐའ་གཅིག་ཏུ་བསྒྲུབ་དགོས་པ་བཞིའི་དངོས་འབེབས་བྱ་འགུལ་དམ་པོར་བཟུང་ནས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་བྱེད་ཤུགས་གཟབ་ནན་ཅན་དུ་བསྒྱུར་བ། འོས་འགན་དངོས་འབེབས་བྱེད་པ། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དཔལ་འབྱོར་འཁོར་རྒྱུག དམངས་ཚིས་ལས་དོན། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཏང་གི་འཛུགས་སྐྲུན་སོགས་ལ་སྐུལ་འདེད་བཏང་ནས། དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད་པར་མ་ཟད། ལོ་ཧྲིལ་བོའི་དམིགས་འབེན་མངོན་དུ་འགྱུར་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་གོ་བ་མ་ནོར་བ་བླངས་ནས། མཐའ་གཅིག་ཏུ་བསྒྲུབ་དགོས་པ་བཞིའི་དངོས་འབེབས་བྱ་འགུལ་གྱི་ཤུགས་འདོན་ས་གཙོ་བོ་རྙེད་པར་བྱས་ཏེ། འོས་འགན་དངོས་འབེབས་དང་ལེགས་སྒྲིག་མཐོར་འདེགས་ལ་ཤུགས་བསྣན་ནས། ལས་རིམ་ཁག་སོ་སོའི་བྱ་བ་སྤུས་ཚད་མཐོ་ལ་ཕན་འབྲས་ལེགས་པོའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། ལོ་ཧྲིལ་བོའི་དམིགས་འབེན་དམ་པོར་འཛིན་པ་དང་དབུལ་ཐར་མཁྲེགས་གཏོར་ལས་དོན་དཀྱིལ་སྙིང་དུ་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་ཞན་ཆ་གསབ་པ། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་བྱེད་ཕྱོགས་སྟོབས་ལྡན་ཅན་དུ་བསྒྱུར་བ། ལྟ་ཞིབ་ལ་ཤུགས་སྣོན་པ་བཅས་ལ་འབད་མཐར། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ནས། དབུལ་ཐར་མཁྲེགས་གཏོར་དང་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་འབད་འབུངས་བྱེད་དགོས་ཟེར།