སྤེལ་དུས།2018.11.08 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་གསུམ་པར་འགོ་འཛིན་མཛད།

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་གསུམ་པར་འགོ་འཛིན་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར། ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ཞིང་ལོ་འདིའི་ནང་ཉོ་འཚོང་གྲངས་ཀ་ཨ་མེ་རི་ཁའི་སྒོར་མོ་ཁྲག་ཁྲིག་གཅིག་ལས་བརྒལ་བ་དང་མ་འོངས་པར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་ཕན་ཚུན་ལ་མ་དངུལ་གཏོང་བའི་གཞི་ཁྱོན་རྒྱ་བསྐྱེད་དགོས་ལ། ཞིང་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོ་དང་ཨུ་རུ་སིའི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། གསར་སྐྲུན་ཁྱབ་ཁོངས་དང་ལྷག་པར་དུ་ཚན་རྩལ་བཀོལ་སྤྱོད་དང་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་འབྲེལ་མཐུད་དམ་པོ་བྱས་ཏེ། མཉམ་སྐྲུན་མཉམ་སྤྱོད་མཉམ་གྲོས་བཅས་བྱེད་འདོད་ཡོད་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཉོ་འཚོང་གཞི་ཁྱོན་རྒྱ་བསྐྱེད་པ་དང་ཕན་ཚུན་ལ་མ་དངུལ་གཏོང་བར་ཤུགས་སྣོན་པར་མ་ཟད། གསར་སྐྲུན་དང་གློག་རྡུལ་ཚོང་དོན། ཞིང་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཐུག་འཕྲད་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་མ་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།