སྤེལ་དུས།2018.11.08 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཚེས་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནི་ཨར་ལ་མཇལ་འཕྲད་གནང་། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བདུན་ཉིན་པེ་ཅིན་ནས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནི་ཨར་ལ་མཇལ་འཕྲད་གནང་། 

ཝང་དབྱང་གིས་གསུང་རྒྱུར། ཀྲུང་གོ་དང་ཁུ་པ་གཉིས་ནི་གྲོགས་པོ་བཟང་བོ་དང་བློ་མཐུན་བཟང་བོ། སྤུན་ཟླ་བཟང་བོ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་རྒྱུན་འཁྱོངས་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་ཏུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་འཁྱོངས་དང་གཏིང་ཟབ་ཏུ་གཏོང་ངེས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བློ་མཐུན་ཀྲུའུ་ཞི་དང་མཉམ་དུ་གྲོས་མོལ་མཛད་ནས། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་མཛད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་དུས་རབས་གསར་བའི་ཀྲུང་གོ་དང་ཁུ་པའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཐད་ནས་ཕན་ཚུན་ལ་བརྗེ་རེས་དང་དཔེ་ལྟ་བྱེད་འདོད་ཡོད་ཟེར། 

ཏི་ཡ་སི་ཁ་ནི་ཨར་གྱིས་བསྟན་དོན། ཁུ་པ་མི་དམངས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཁུ་པའི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ད་སྐབས་ཁུ་པ་དང་ཀྲུང་གོ་གཉིས་ནི་བཅོས་སྒྱུར་རིམ་འཕར་གྱི་འོས་འགན་གསར་བ་དང་འཕྲད་ཡོད་ལ། བདག་གིས་ཐེངས་འདིར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་མུ་མཐུད་ནས་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།