སྤེལ་དུས།2018.11.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན།   མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་བྱ་བར་རྟོག་ཞིབ་བྱས།  ཀྲང་ལིས་ཀྱིས་བསྟན་དོན།   རིག་དངོས་ཀྱིས་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པ་དེ་མི་རིགས་ཀྱི་སྙིང་སྟོབས་དང་འབྲེལ་བ་ཡོད་ལ།  དེ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པའི་རྒྱུ་ནོར་རྩ་ཆེན་དང་།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐོན་ཁུངས་ལེགས་ཤོས་ཡིན་ཟེར།

ཀྲང་ལིས་ཀྱིས་ནན་གྱིས་བསྟན་དོན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཉིས་སྟོང་བཅུ་དགུ་ལོར་རྒྱལ་སའི་དངོས་མང་འགྲེམ་སྟོན་ཁང་དུ་རྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་མཚོ་སྔོན་ཞེས་པའི་འགྲེམ་སྟོན་སྤེལ་རྒྱུའི་གཏན་ཁེལ་བྱས་པ་དང་།   དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ་ལམ་རྒྱུད་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་པ་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་དངོས་ཡིན་པ་དང་།  དེ་མཚོ་སྔོན་གྱི་གནའ་བོའི་དཔལ་ཡོན་ལོ་རྒྱུས་ཕྱི་ཕྱོགས་ལ་འགྲེམ་སྟོན་བྱེད་པར་ཕན་པ་ཡོད་པས།  ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ་ཞེས་པ་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།   རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཏོང་བ།   སྲུང་སྐྱོབ་ཁྲོད་བཀོལ་སྤྱོད་བྱེད་པ་དང་།  བཀོལ་སྤྱོད་ཁྲོད་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བཀོལ་སྤྱོད་ཤུགས་ཚད་ཆེ་རུ་གཏོང་བ།   རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲི་གསུམ་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་རིག་དངོས་བདེ་འཇགས་ཀྱི་མཐའ་ཐིག་དམ་སྲུང་བྱེད་དགོས།   ཚན་རིག་ལྟར་རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་འཆར་འགོད་གཏན་ཁེལ་བྱེད་དགོས།  རིག་དངོས་རིན་ཐང་སྔོག་འདོན་དང་དྲིལ་སྒྲོག་བཀོལ་སྤྱོད་ལ་ཤུགས་བསྣན་ནས་རིག་དངོས་ཐོན་ཁུངས་ཀྱི་ཐུན་མིན་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཐད་སྟོབས་དང་ལྡན་པའི་བསམ་བློའི་ནང་དོན་དང་རིག་གནས་ཀྱི་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།