ཝང་ཅན་ཅུན་གྱིས་ཀྲུང་གོར་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོ་ལུའུ་དབྱིན་མཱིན་ལ་ཐུག་འཕྲད་བྱས།
2018.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཟི་ལིང་ནས་ཀྲུང་གོར་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོ་ལུའུ་དབྱིན་མཱིན་སོགས་ལ་ཐུག་འཕྲད་གནང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་མཉམ་དུ་ཐུག་འཕྲད་བྱས།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལུའུ་དབྱིན་མཱིན་སོགས་མཚོ་སྔོན་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་བསྣན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། མཚོ་སྔོན་གྱིས་ཧན་གོའི་ས་གནས་བར་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཁྲོད་ཀྱི་མཛའ་བརྩེའི་འགྲོ་འོང་ཇེ་དྲག་ཏུ་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད། ཧན་གོའི་མཛེས་ལྗོངས་དང་ཟས་རིགས། མཛེས་སྤྲས། རླངས་འཁོར། གློག་རྡུལ། རྣོ་ལྕགས། འཕྲིན་གཏོང་། རིག་གནས་བརྒྱུད་སྒྲོག་སོགས་ཐོན་ལས་ཧ་ཅང་དར་རྒྱས་ཆེ་བ་དང་། མཚོ་སྔོན་གྱི་གཙང་བོ་དང་རྩྭ་ཐང་། ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ། སྐྱེ་དངོས་སྨན་བཅོས། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ཕྱོགས་ནས་དགེ་མཚན་ཆེན་པོ་ལྡན་པས། ཧན་གོ་ས་གནས་ཀྱིས་མཚོ་སྔོན་བར་གྱི་མི་གཞུང་བརྗེ་རེས་དང་དཔལ་འབྱོར་འགྲོ་འོང་ལ་ཤུགས་སྣོན་པ་དང་། གནས་སྐོར་མཉམ་ལས་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་རེ་བ་བཅངས་ཡོད་ཟེར།

ལུའུ་དབྱིན་མཱིན་གྱིས་བསྟན་དོན། ཧན་གོ་ཕྱོགས་ཀྱིས་མཚོ་སྔོན་གྱི་ས་གནས་བར་གྱི་བརྗེ་རེས་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧན་གོའི་ཀྲུང་གོ་ཡི་ཉོ་ཚོང་དངུལ་གཏོང་དེ་མཚ་འགྲམ་ས་ཁུལ་ནས་སྐམ་ས་རུ་རྒྱུན་སྲིང་བཞིན་པའི་སྒང་ཡིན་ལ། མཚོ་སྔོན་གྱི་ས་ཞིང་དང་ཆུ། དྭངས་གཙང་ནུས་ཁུངས་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཧན་གོ་དང་མཚོ་སྔོན་བར་གྱི་མ་འོངས་པའི་མཉམ་ལས་བར་སྟོང་ཧ་ཅང་ཆེ་བས། སྔར་ཡོད་གྱི་རྨང་གཞིའི་སྟེང་ལས་གཞི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་ཐུག་འཕྲད་ལ་ཞུགས།