ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས།
2018.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སིང་ག་ཕོར་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་ཤིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་དེ་མིན་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་བཅས་གྲོས་ཚོགས་ལ་ཞུགས་པ་དང་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཁི་ཆང་གིས་བསྟན་དོན། ཨེ་ཤ་ཡ་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་བའི་བརྒྱུད་རིམ་ཁྲོད་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་ནུས་པ་ཆེན་པོ་བཏོན། དེང་སྐབས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པས། ཕྱོགས་སོ་སོས་བྱ་སྤྱོད་དངོས་ལ་བརྟེན་ཏེ་ཕྱི་ཕྱོགས་ལ་སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་མ་ལག་སྲུང་སྐྱོབ་བྱེད་པའི་རེ་བ་བཏོན་ནས། ས་གནས་ཀྱི་འཕེལ་རྒྱས་ལ་བརྟན་འཇགས་དང་རང་དབང་། ཁྲིམས་སྐྱོང་ཅན་གྱི་ཁོར་ཡུག་འདོན་སྤྲོད་བྱེད་པ་དང་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཞུགས་འགོ་ཁྲིད་པས་བཤད་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་རྒྱལ་སྤྱིའི་གནས་བབ་ཁྲོད་ཀྱི་གཏན་འཁེལ་མིན་པའི་གནས་ཚུལ་ལ་དམིགས་དགོས་པ་དང་། ཕྱོགས་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱས་ནས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཕྱོགས་མང་རིང་ལུགས་དང་སྒྲིག་སྲོལ་རྨང་གཞི་ཡིན་པའི་རང་དབང་ཉོ་ཚོང་མ་ལག་ལ་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་ཟེར།